སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་འཚོགས་པ།
ཚེས་14ཉིན་གྱི་སྔ་དྲོ། སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོཌ་ཀྱི་ཚོང་འགུཌ་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་རྣམ་གྲངས་ཀྱི་འོས་སྦྱོར་འདུ་ཚོགས་ལྷ་སར་འཚོཌ་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་ཤིས་ཚིག་གསུངས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུན་ཧའོ་དང་དབང་ཧའེ་ཀྲོའུ་ཕེབས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་གྱིས་གཙོ་སྐྱོང་གནང་བ་རེད།
རྡོ་རྗེ་ཚེ་སྒྲུབ་ཀྱིས་ད་ཆའི་བོད་འདི་རྟིང་ཤུགས་བསྐྱེད་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་ཚུགས་ཏེ་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་དང་། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་མང་བ། རྗེས་ཐོན་ཁྱད་ཡོན་མངོན་གསལ་དོད་པ། ལས་རིགས་ཀུན་དར་བ། མི་མངོན་པའི་སྒུལ་ཤུགས་ཆེན་པོ་ལྡན་པས་རྒྱ་ཆེའི་མ་འཇོག་མཁན་གྱི་འཐབ་ཇུས་གལ་ཆེན་གྱི་གདམ་ག་བྱ་ཡུལ་དུ་འགྱུར་བཞིན་ཡོད་པ་དང་། ད་ཆའི་བོད་འདི་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་པར་སླེབས་ཏེ་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཐུབ་པ་དང་། ཐོན་ལས་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ། ཁྲོམ་རའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ། སྤྱི་ཚོགས་ཧྲིལ་པོ་རྒྱུན་བསྲིང་བརྟན་ལྷིང་བྱུང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་ལ་སླེབས་པ། ད་ཆའི་བོད་འདི་ཕྱི་ནང་ལ་སྒོ་དབྱེ་མཉམ་ལས་བྱེད་པའི་འགོ་འཛུགས་ས་གསར་པར་ལངས་ཏེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་ཚོང་པ་རྣམས་བོད་ལ་ཡོང་རྒྱུར་དགའ་བས་བསུ་དགོས་ཞེས་གསུངས་པ་རེད།
རྡོ་རྗེ་ཚེ་སྒྲུབ་ཀྱིས་བོད་རང་སྐྱོང་ལྗོངས་ཀྱིས་དཔྱོད་ལྡན་སྐྱེ་བོ་ཚོས་བོད་ལ་དོ་ཁུར་དང་། བོད་ལ་གཞིས་ཆགས། བོད་ལ་མ་འཇོག་བཅས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབད་བརྩོན་ལྡབ་བརྒྱ་བྱས་ཏེ་ཁོར་ཡུག་ཡག་ཤོས་ཤིག་བཏོད་ནས་ཁེ་ལས་ལ་མགྱོཌ་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ལས་སྟེགས་བཟང་པོ་ཞིག་གཏོད་པ་དང་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབས་ཏེ་རྒྱ་ཆེའི་ཁེ་ལས་མཁས་ཅན་དང་མཉམ་དུ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
འདུ་ཚོགས་ལ་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)7དང་། རང་སྐྱོང་ལྗོངས་རིག་གནས་ཐིང་། བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་། ལྷ་སའི་མཐོ་གསར་ལག་རྩལ་ཁུལ། མཚོ་བོད་ལྕགས་ལམ་ནག་ཆུ་ཟོག་འགྲེམས་ལྟེ་གནས། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་སོགས་ཀྱི་ཚན་པས་རྣམ་གྲངས་འོས་སྦྱོར་བྱས་པར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17གྱི་འཐུས་མི་དང་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱི་འཐུས་མི་བསྡོམས་མི་300ལྷག་ཙམ་ཞུགས་ཡོད་པ་རེད།