བཀྲ་ཤིས་པའི་གཞིས་ཀ་རྩེ་ཞེས་པའི་འགྲེམས་ཁུལ་དུ་གཙོ་བོ་ཁེ་ལས་25བཞུགས་ཡོད་ཅིང་། མི་རིགས་ལག་ཤེས་ཁོངས་ཀྱི་ཐང་ག་དང་གསེར་དངུལ་ཟངས་ཆས་སྣ་ཚོགས།གཙང་ཁུལ་དུ་སྐད་གྲགས་ཆེ་བའི་བང་ཕིག་དང་གཞིས་རྩེའི་ཕིང་། དེ་བཞིན་གངས་ལྗོངས་ཀྱི་ཞིང་ཁམས། བོད་ལྗོངས་ཀྱི་ཟིལ་པ་ཞེས་པའི་གཏེར་ཆུ་དང་། སྣམ་གླིང་རྫོང་གི་སྦྲང་རྩི། རིན་སྤུངས་ཀྱི་གཡང་ཊི། རྟ་ནག(ཉུག)རྫ་ཆས། ཀོ་ཆས་སོགས་ཡོད་ཅིང་། འཐག་བརླས་རིགས་སུ་ཁ་དཀྲིས། བོད་ལྷམ། གཙང་ཁུལ་གྱི་བོད་ཆས། རྒྱལ་རྩེའི་ཕན་ཐོགས་རྟགས་ཅན་གྱི་པང་གདན་སོགས་འགྲེམས་སྟོན་ཐོག་བཤམས་ཡོད།

འདི་ནི་བཀྲ་ཤིས་པའི་གཞིས་ཀ་རྩེ་ཞེས་པའི་འགྲེམས་ཁུལ་ཡིན་པ།

འདི་ནི་དེང་གི་ཁྲོམ་རའི་ཐོག་ཅུང་གྲགས་ཆེ་བའི་བོད་ལྷམ་ཡིན་པ།

ཟོམ་པ་ལྷམ་ཡང་གཞིས་རྩེའི་འགྲེམས་ཁང་གི་བཀྲག་མདངའ་འཚེར་ས་ཞིག་ཏུ་འགྱུར་ཡོད།

འདི་ནི་རིན་སྤུངས་ཀྱི་གཡང་ཊིའི་ཇ་ཕོར་ཡིན་པ།

འདི་ནི་གཞིས་ཀ་རྩེའི་འགྲེམས་ཁུལ་གྱི་འཁྲུག་ཆ་དོད་པོའི་ཟུར་ཞིག་ཡིན་པ།

འདི་ནི་འཚེམ་དྲུབ་ཞལ་ཐང་ཡིན་པ།

འདི་ནི་རྒྱལ་རྩེའི་གཞས་མ་ཕན་ཐོགས་དང་ཁོང་གི་ཕན་ཐོགས་རྟགས་ཅན་གྱི་སྣམ་བུའི་ཐོན་རྫས་ངོམས་སྟོན་བྱེད་བཞིན་ཡོད་པ།

འདི་ནི་རྟ་ནག(ཉུག)རྫ་ཆས་ལས་བཟོས་པའི་སྨྱུ་གུ་བླུགས་ས་ཡིན་པ།

འདི་ནི་གཞིས་ཀ་རྩེའི་ཁྱད་ལྡན་གྱི་བཟའ་བཅའ་བང་ཕིག་སྒྲིག་གཤོམ་བྱས་པ།