དབུ་ཤོག>ཆེད་སྒྲིག
  • “མཆོང་སྐྱོད་ཅན་གྱི་ལྷོ་ཁའི”འགྲེམས་ཁུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-09-11

    “མཆོང་སྐྱོད་ཅན་གྱི་ལྷ་ཁའི”འགྲེམས་ཁུལ་གྱིས་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་ཐོན་རྫས་སྣ་ཚོགས་སྒྲིག་གཤོམ་བྱས་ཡོད། ཡར་ཀླུང་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ལ། བོད་ཀྱི་ཚེ་སྲོག་རྒྱུན་བསྲིང་པའི་རྩ་བའང་ཡིན། བོད་ཀྱི་ལོ་རྒྱུས་ཐོག་གི་ཨང་དང་པོ་མང་པོ་ཞིག་འདི་རུ་ཐོན་ཡོད་པས། ལྷོ་ཁ་འདི་ཉིད་ཀྲུང་གོའི་ས་ཁོངས་ཀྱི་རིག་གནས་ཆེན་པོ་གསུམ་གྱི་ཡ་གྱལ་དུ་འགྱུར་ཡོད། འགྲེམས་ཁུལ་འདིར་དྭགས་པོའི་ཤིང་ཕོར་དང་། རྒྱ་ཚའི་རྡོ་ཁོག།  ཤིང་གི་སློ་མ།  ལྷོ་ཁའི་སྣམ་བུ་སོགས་སྒྲིག་གཤོམ་བྱས་ཡོད།

    IMG_4349.jpg

    འདི་ནི་ལྷོ་ཁའི་བྲོ་པ་རྒན་པས་ལྷོ་ཁའི་འགྲེམས་ཁུལ་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པ།

    IMG_4367.jpg

    འདི་ནི་དྭགས་པོའི་ཤིང་ཕོར་ཡིན་པ།

    IMG_4371.jpg

    འདི་ནི་མཁར་ལྟག་གི་བོད་གྱི་ཡིན་པ།

    IMG_4373.jpg

    འདི་ནི་ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་དངུལ་གྱི་བྱ་དགའ་ཐོབ་པའི་ཡུལ་སྐོར་ཐོན་རྫས་ཡིན་པ།

    IMG_4380.jpg

    འདི་ནི་རྒྱ་ཚ་རྫོང་གི་རྡོ་ཁོག་ཡིན་པ།

    IMG_4395.jpg

    འདི་ནི་རྒྱ་ཚའི་བཟོ་ལྟ་དང་ཆེ་ཆུང་སྣ་ཚོགས་ཀྱི་སློ་མ་ཡིན་པ།

    IMG_4402.jpg

    འདི་ནི་སྒྲིག་གཤོམ་བྱེད་པའི་ཤིང་གི་རང་འཐག་དང་འཐག་ཁྲི་སོགས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།