དབུ་ཤོག>ཆེད་སྒྲིག
  • གོས་སྐུ་དང་འབྲེལ་བའི་ལོ་རྒྱུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31

    བོད་ས་མཐོའི་དགོན་སྡེ་མང་པོས་དམིགས་བསལ་གྱི་མཛད་སྒོའི་སྐབས་སུ་གོས་ཆེན་སྣ་ཚོགས་དྲས་དྲུབ་ཚོས་བསྒྲིགས་ཀྱིས་བཞེངས་པའི་གོས་སྐུའམ་ཞལ་ཐང་ཆེ་མོ་འགྲེམས་སྟོན་བྱས་ནས་བསྟན་པ་དར་བ་དང་སེམས་ཅན་བདེ་བའི་ཆོ་ག་སྒྲུབ་པ་དང་སྦྲགས། དད་ལྡན་མང་ཚོགས་ཚོའི་ཆོས་དད་ཀྱི་དགོས་མཁོ་ཡང་སྐོང་གི་ཡོད་ལ། དེའི་སྒྱུ་རྩལ་རིན་ཐང་གིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཡིད་དབང་རྦད་དེ་འཕྲོག་ནས་གངས་ལྗོངས་ས་མཐོའི་གནའ་ཉམས་དོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཞལ་ཐང་རིག་གནས་ཀྱི་སྙན་པ་འཛམ་གླིང་ལ་གྲགས་པ་བྱེད་ཀྱི་ཡོད། ལོ་རེའི་འབྲས་ལྡན་སྟོན་གྱི་རང་མདངས་ངོམ་སྐབས་འབྲས་སྤུངས་དགོན་གྱི་གོས་སྐུ་ཆེ་མོ་སོགས་གོས་སྐུ་སྣ་ཚོགས་གཅིག་མཇུག་གཉིས་མཐུད་དུ་བཀྲམས་ནས་རྫོགས་ལྡན་ནམ་དུས་དེའི་རིག་གནས་ཀྱི་སྟོན་མོ་རྒྱས་ཤོས་ཤིག་ཏུ་གྱུར་གྱི་ཡོད་པས་ང་ཚོས་གོས་སྐུ་ཆེ་གྲས་ཁ་ཤས་ཀྱི་ལོ་རྒྱུས་སམ་འབྱུང་ཁུངས་ལ་ཤེས་རྟོགས་རགས་ཙམ་བྱ་རྒྱུ་ནི་དགོས་པ་ཆེ་བ་དང་དུས་ལ་བབ་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།