དབུ་ཤོག>ཆེད་སྒྲིག
  • བཀྲས་ལྷུན་དགོན་གྱི་གོས་སྐུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31

    Img402205815.jpg

    བཀྲས་ལྷུན་དགོན་གྱི་གོས་སྐུ། གོས་སྐུ་འགྲེམས་པའི་དུས་ཚོད་ནི་ལོ་རེའི་བོད་ཟླ་5པའི་ཚེས་14ཉིན་ཡིན་པ་དང་དེ་ཉིན་བཀྲས་ལྷུན་དགོན་པས་འཆར་ཅན་ལྟར་གོས་སྐུ་བཀྲམས་ནས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་པ་བྱེད་ཀྱི་ཡོད། གོས་སྐུའི་ཁྲོད་དུ་སངས་རྒྱས་འོད་དཔག་མེད་ཀྱི་གོས་སྐུ་ཞིག་ཡོད་པ་དེའི་ཞེང་ཚད་ལ་སྨི་25དང་མཐོ་ཚད་ལ་སྨི་35ཡོད་པ་དེ་ནི་དུས་རབས་གོང་མའི་ལོ་རབས་90པར་བཞེངས་པ་ཞིག་ཡིན། ད་དུང་རིམ་བཞིན་སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱལ་བ་བྱམས་པའི་གོས་སྐུ་འགྲེམས་ཀྱི་ཡོད་ཅིང་། ལོ་རྒྱུས་ཐོག་བཀྲས་ལྷུན་དགོན་པས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་14ནས་16བར་གོས་སྐུ་འགྲེམས་པ་དེར་ད་བར་ལོ་500ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།