
མཚུར་ཕུའི་གོས་སྐུ། མཚུར་ཕུའི་གོས་སྐུ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་སུ་བཞེངས་པ་ཞིག་ཡིན་པས་ད་བར་མི་ལོ་600ལྷག་གི་ལོ་རྒྱུས་ཡོད་ལ་མཚན་ལ་ཁམས་གསུམ་མཛེས་རྒྱན་ཞུ་ཞིང་། བོད་ལ་གོས་སྐུ་ཐོག་མར་བཞེངས་མཁན་ནི་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ཡིན་ཞིང་། གོས་སྐུ་འགྲེམས་པའི་དུས་ཚོད་ནི་བོད་ཟླ་4པའི་ཚེས་11ཉིན་ཡིན། སྐུ་བརྙན་གཙོ་བོ་ནི་སྟོན་པ་ཤཀྱཱ་ཐུབ་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པ། དེ་བཞིན་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་སོགས་སྐུ་བརྙན་མང་དག་ཅིག་ཡོད་ཅིང་། ཚོད་དཔག་ལྟར་ན་རིང་ཚད་ལ་སྨི་20དང་ཞེང་ཚད་ལ་སྨི་15ཙམ་ཡོད་ལ་ད་ལྟའི་གོས་སྐུ་དེ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་སུ་བཞེངས་པར་གྲགས།