དབུ་ཤོག>ཆེད་སྒྲིག
  • གོས་སྐུ་མཐོང་བ་དོན་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31

    གོས་སྐུ་མཐོང་བ་དོན་ལྡན་ནི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དགུང་ལོ་སུམ་ཅུ་པ་རབ་བྱུང་བདུན་པའི་ས་ཁྱི་ལོ་སྟེ། སྤྱི་ལོ་1418ལོར་བཞེངས་པའི་གོས་སྐུ་ཆེ་མོ་ཞིག་ཡིན་ཞིང་། ཞལ་ཐང་དེའི་དབུས་སུ་བཞུགས་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུའི་མཐོ་ཚད་ཁོ་ནར་ཁྲུ་བརྒྱད་ཅུའམ་འདོམ་པ་ཉི་ཤུ་ཡོད་པ་དང་། ཐུབ་དབང་གི་མཐའ་འཁོར་དུ་མཆོག་ཟུང་གཉིས་དང་། བྱམས་པ། མར་མེ་མཛད། གནས་བརྟན་བཅུ་དྲུག རྒྱལ་ཆེན་རྣམ་ཐོས་སྲས་བཅས་ཡོད་པའི་གོས་སྐུའི་མེ་ལོང་དང་གོང་གཤམ་བཅས་བསྡོམས་ན་རྩེ་ཁྲུ་བརྒྱ་དང་དགུ་བཅུ་གོ་དྲུག་སྟེ། སྤྱི་ཁྲེ་བརྒྱད་ཅུ་གྱ་བརྒྱད་དང་སྐར་མ་ཉི་ཤུ་ཡོད་པ་དེ་ནི་དེ་སྔ་བོད་ས་གནས་སུ་ཡོད་པའི་གོས་སྐུའི་ནང་ནས་ཆེ་ཤོས་དེ་ཡིན་པར་གྲགས་ཤིང་། རྒྱུ་ཆར་གོས་ཆེན་སྣ་ཚོགས་ཡུག་བརྒྱ་དང་ལྔ་བཅུ་ཙམ་སོང་ཡོད་པ་རེད། འོན་ཀྱང་དེ་སྔ་གོས་སྐུ་དེའི་ལེབ་གཅིག་འཐོར་ཞིག་ཏུ་སོང་སྟེ་ཕྱིས་གསར་བཞེངས་བྱས་པའི་ཤོད་སྲོལ་ཡང་འདུག

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།