དབུ་ཤོག>ཆེད་སྒྲིག
  • པོ་ཏ་ལའི་གོས་སྐུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31

    པོ་ཏ་ལའི་གོས་སྐུ་ནི་དང་ཐོག་བོད་ཟླ་གཉིས་པའི་གནམ་གང་ཉིན་རྒྱལ་བ་རིགས་ལྔའི་གཙོ་བོ་རྣམ་སྣང་གི་གོས་སྐུ་དཔངས་ལ་སོར་མོ་སྟོང་དང་ཉིས་བརྒྱ་དགུ་བཅུ་གོ་དགུ་ཡོད་པ་དེ་དང་རྒྱལ་བ་འོད་དཔག་མེད་ཀྱི་གོས་སྐུ་ཆེ་མོ་སོར་མོ་ཉིས་སྟོང་ལྔ་བརྒྱ་གོ་བརྒྱད་ཡོད་པ་དེ་གཉིས་གྲུ་འཛིན་གཉིས་པའི་ཕོ་བྲང་གི་རྩིག་ངོས་སུ་ཞལ་ཕྱེ་ནས་མཆོད་འབུལ་ཞུ་གི་ཡོད། དེ་ཉིན་ནི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་ཚོགས་མཆོད་གསེར་སྦྲེང་ཞེས་པའི་མཛད་སྒོའི་ཉིན་མོ་ཡིན་ཞིང་། ལྷ་ལྡན་གཙུག་ལག་ཁང་ནས་གསེར་སྦྲེང་གི་རུ་ཐོག་མར་སྒྲིག་ནས་ཞོལ་རྡོ་རིང་སྒང་དུ་སླེབས་རྗེས་འདོན་དབྱངས་དང་མཆོད་གར་འཁྲབ་པ་དང་རྔ་བོ་ཆེ་དང་དུང་རྒྱ་གླིང་སོགས་གཏོང་བཞིན་མདུན་དུ་སྐྱོད་ནས་གོས་སྐུར་སྙན་ཤལ་ཕུལ་རྗེས་རིམ་བཞིན་རྩེ་ཕོ་བྲང་རྒྱབ་ཏུ་སྐྱོད་ནས་མཇུག་འགྲིལ་མཚམས་དགེ་འདུན་པ་རྣམས་ནས་གོས་སྐུར་རབ་གནས་དང་ཤིས་བརྗོད་ཟིན་འཕྲལ་གོས་སྐུ་སྒྲིལ་གྱི་ཡོད། འོན་ཀྱང་ཕྱིས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐབས་གོས་སྐུ་གསར་བཞེངས་གནང་སྟབས་རྒྱ་ཁྱོན་ཇེ་ཆེར་ཕྱིན་ཡོད། ཉེ་རབས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་བཞེངས་པའི་གོས་སྐུ་དེ་གཙོ་བོར་འགྲེམས་ཀྱི་ཡོད། ད་དུང་གོས་སྐུ་འགྲེམས་པའི་དུས་ཚོད་ལའང་འགྱུར་ལྡོག་བྱུང་ནས་ཞོ་སྟོན་གྱི་སྐབས་སུ་འགྲེམས་པ་དང་། དེང་སང་ཧ་ལམ་འགྲེམས་སྲོལ་མེད་རུང་རྩེ་ཕོ་བྲང་ཉམས་གསོ་ཞུ་བའི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོར་ཐེངས་རེ་བཀྲམས་འདུག

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།