དབུ་ཤོག>ཆེད་སྒྲིག
  • སེ་རའི་གོས་སྐུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31

       

    2014-08-25 120537.jpg

    སེ་རའི་གོས་སྐུ། དང་ཐོག་ཁལ་ཁ་སན་ཁང་གིས་རྗེ་རིན་པོ་ཆེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ་ཕུལ་བའི་གནས་བཅུའི་གོས་སྐུ་གླིང་གསུམ་མ་དེ་ཉིད་ལོ་ལྟར་གྱི་བོད་ཟླ་དྲུག་པའི་གནམ་གང་ཉིན་ཚོགས་ཆེན་འདུ་ཁང་གི་སྒོ་འཕྱོར་ནུབ་ངོས་སུ་འགྲེམས་སྟོན་བྱས་ནས་ཁྲུས་གསོལ་རབ་གནས་གནང་བ་དང་སྦྲགས། ཀརྨ་ཤའི་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཀྱང་ཡང་རྡོ་གཅལ་སྟེང་དུ་ཕེབས་ནས་གོས་སྐུར་མཇལ་དར་སྒྲོན་པ་དང་སྦྲགས་ཕྱི་ལོའི་བཟང་ངན་གྱི་ལུང་བསྟན་གནང་གི་ཡོད་པ་དེ་ནི་ལོ་རྒྱུས་ཐོག་སེ་ར་ཞོ་སྟོན་ཡང་ཟེར་གྱི་ཡོད། བར་སྐབས་གོས་སྐུ་འགྲེམས་སྲོལ་ཆད་རུང་། 1990ལོར་དགོན་པའི་ལས་སྣེ་རྣམས་བཀའ་གྲོས་ཀྱིས་རྒྱལ་བྱེད་ཁམ་ཚན་གྱི་ཕྱག་མཛོད་ལེགས་གྲུབ་ཀྱིས་འཚེམ་བཟོའི་འགན་བཞེས་ཏེ་གོས་སྐུ་ཉམས་གསོ་བྱས་པ་དང་ལོ་དེ་གའི་ཞོ་སྟོན་སྐབས་འདུ་ཁང་གི་སྒོ་འཕྱོར་མདུན་དུ་འགྲེམས་སྟོན་བྱས། གོས་སྐུ་དེར་སྟོན་པ་ཤཱཀྱ་ཐུབ་པ་དང་། གནས་བརྟན་བཅུ་དྲུག བྱམས་ཆེན་ཆོས་རྗེ། སྲུང་མ་མགོན་ཆོས་ལྷ་བཞི་བཅས་ཡོད་པ་རེད། དེར་མཐོ་ཚད་སྤྱི་ཁྲེ་18དང་། ཞེང་ཚད་སྤྱི་ཁྲེ་17.20བཅས་ཡོད་པ་དེ་མཐོང་བ་ཀུན་གྲོལ་དུ་བཞུགས་སོ། ཡང་1998ལོར་གོས་སྐུ་ཞིག་གསར་དུ་བཞེངས་པ་དེར་མཐོ་ཚད་སྤྱི་ཁྲེ་23དང་ཞེང་ཚད་སྤྱི་ཁྲེ་20ཡོད་ཅིང་། སྐུ་བརྙན་གཙོ་བོ་རྒྱལ་བ་བྱམས་པ་དང་། བསྟན་བདག་རྣམ་གསུམ། རྒྱལ་དབང་ལྔ་པ། སློབ་དཔོན་པདྨ་འབྱུང་གནས། བྱམས་ཆེན་ཆོས་རྗེ། ཀུན་མཁྱེན་ཆེན་པོ། གསང་འདུས། རྟ་མགྲིན་ཡང་གསང་། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། མགོན་ཆོས་ལྷ་རྣམས་བཅས་བཞུགས་སོ་གསོལ་ཞིང་། ཚང་མས་མཁྱེན་གསལ་ལྟར་1991ལོ་ནས་བཟུང་གོས་སྐུ་འགྲེམས་ཡུལ་ནི་རྒྱབ་རིའི་ངོས་སུ་གསར་དུ་བཞེངས་པའི་གོས་སྐུ་འགྲེམས་གནས་དེར་ཡིན། དེ་མིན་བོད་ཀྱི་ས་ཕྱོགས་ཁག་གི་དགོན་སྡེ་ཆེ་ཆུང་མང་པོས་ཀྱང་རང་རང་གི་གོས་སྐུ་འགྲེམས་སྲོལ་ཡོད་ལ། དད་ལྡན་མང་ཚོགས་ཚོས་ཀྱང་ལྟད་མོ་ལྟ་བ་དང་བྱིན་རླབས་ཞུས་ནས་རྒྱལ་ཁམས་སྐྱ་ནམ་རྒྱས་པ་དང་རང་ཉིད་ཀྱི་གེགས་བར་སེལ་བ་དང་བསམ་དོན་སྒྲུབ་རེ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།