དབུ་ཤོག>ཆེད་སྒྲིག
  • གྲ་ནང་བས་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་བྱས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-11

    res01_attpic_brief.jpg

    གྲ་ནང་རྫོང་གི་ཤིང་བརྐོས་ལག་རྩལ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་ལ། མི་རིགས་ལག་ཤེས་བཟོ་རྩལ་གྱི་མུ་ཏིག་ལྟ་བུ་ཡང་ཡིན། རྩ་ཆེའི་མི་རིགས་ལག་ཤེས་བཟོ་རྩལ་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། 2012ལོར་གྲ་ནང་རྫོང་གིས་ལྷ་སར་བོད་བཟོའི་ཁྱིམ་ཆས་ཀྱི་ཚོང་རྒྱག་མཁན་གྲ་ཕྱིའི་ཤིང་བརྐོས་ཀྱི་རྒྱུན་འཛིན་པ་པད་མ་དགྲ་འདུལ་ཕ་ཡུལ་དུ་བྱ་གཞག་གསར་གཏོད་བྱ་རྒྱུར་གདན་དྲངས་ནས་གྲ་ཕྱིའི་ཤིང་བརྐོས་ལག་རྩལ་གྱི་ཞིང་པའི་མཉམ་ལས་ཁང་བཙུགས་པ་དང་འབྲེལ་མཉམ་ལས་ཁང་དུ་ཤིང་བརྐོས་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་ལྗོངས་ཡོངས་ཀྱི་ལས་སྒུག་གཞོན་ནུ་བསྡུས་ཏེ་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་བྱས་པ་དང་། བྱེད་ཐབས་དེས་ཤིང་བརྐོས་ལག་རྩལ་རྒྱུན་འཛིན་ཐུབ་པ་མ་ཟད། མང་ཚོགས་ཀྱི་ལས་ཞུགས་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཞིང་།

    འདི་ནི་ཤིང་བརྐོས་དགེ་ཕྲུག་ཚོས་བོད་བཟོའི་ཁྱིམ་ཆས་ལ་བརྐོས་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།