དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • དབྱར་རྩྭ་དགུན་འབུ་རྐོ་མཁན་རྣམས་ལ་ཆེད་མངགས་གཏམ་འདི་ཕུལ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-05-08

    དབྱར་རྩྭ་དགུན་འབུ་རྐོ་བར་འགྲོ་སྐབས། ས་ཁོངས་ཕྱེ་ནས་དབྱར་རྩྭ་དགུན་འབུ་རྐོ་བར་འགྲོ་དགོས་ཤིང་། དེ་ཡང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་རྩྭ་ཐང་དུ་དབྱར་རྩྭ་དགུན་འབུ་བརྐོ་ཆོག་གི་མེད། ད་དུང་། རྩྭ་ཐང་གི་རྩོད་གཞི་ཡོད་པའི་ཁུལ་དུ་ཕྱོགས་གཉིས་གྲོས་མོལ་བྱས་རྗེས་རྐོ་དགོས་ཤིང་། གལ་ཏེ་གྲོས་མོལ་གཅིག་མཐུན་མ་བྱུང་ཚེ། དབྱར་རྩྭ་དགུན་འབུ་བརྐོ་ཆོག་གི་མེད། གཞན་ཡང་། དབྱར་རྩྭ་དགུན་འབུ་རྐོ་བར་ངེས་པར་དུ་འབྲེལ་ཡོད་ཀྱི་ལག་ཁྱེར་དགོས་པ་དང་ལག་ཁྱེར་མེད་ཚེ་བརྐོ་ཆོག་གི་མེད། དེ་བཞིན་ས་ཁོངས་ལས་བརྒལ་ཏེ་སྲོལ་རྒྱུན་གྱི་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་དབྱར་རྩྭ་དགུན་འབུ་རྐོ་བར་ཕྱིན་ཚེ། ངེས་པར་དུ་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་འཐོབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།