དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • སྤྱི་ཁྱབ་ཧྲུའུ་ཅི་ལགས། ང་ཚོ་ནམ་ཡང་ཁྱེད་ཀྱི་རྗེས་སུ་འབྲང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-20

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ལོ་ལྔའི་རིང་། ཡུལ་སྨད་ཀྱི་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན། དྲོ་སྐྱིད་ལྡབ་བརྒྱ་ཚོར་བ་དང་ཕ་ཡུལ་ལ་འཕོ་འགྱུར་ཆེན་པོ་ཕྱིན་པའི་ལོ་ལྔ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བ་ནས་དུས་རབས་ཀྱི་མིག་དཔེ་དང་བདུན་གཅིག་གཟེངས་རྟགས་ཐོབ་པའི་བར་དང་། དེ་རྗེས་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པའི་བར་གྱི་ལོ་ལྔ་པོ་འདི་དག་རིང་། སྒྲོལ་དཀར་གྱི་མིང་བོད་ལྗོངས་ཀྱི་ས་ཕྱོགས་གང་སར་ཁྱབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཟིགས་སྐྱོང་གིས་ཡུལ་སྨད་དང་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་ཡོངས་སུ་ཁེངས་ཡོད། འཐུས་མི་སྒྲོལ་དཀར་གྱིས་ཚོགས་ཆེན་ཉི་ཤུ་པར་བཀའ་དྲིན་ཚོར་སེམས་བརྗོད་པ་ནི། བོད་ཀྱི་བུ་ཕྲུག་ཚོའི་ཟོལ་ལྷད་མེད་པའི་བརྩེ་སེམས་རེད། སྤྱི་ཁྱབ་ཧྲུའུ་ཅི་ལགས། ང་ཚོ་ནམ་ཡང་ཁྱེད་ཀྱི་རྗེས་སུ་འབྲང་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།