དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • སྨན་ལེན་ཧྭ་ཆིང་ཝུན་གཏོང་སྟངས་མཁྱེན་ནམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-09

    ཉེ་ཆར་གྲོང་མི་མང་པོར་སྲིད་གཞུང་གིས་རིན་མེད་ངང་སྤྲད་པའི་སྤྱིན་ཐུམ་སྨན་ལེན་ཧྭ་ཆིང་ཝུན་འབྱོར་ཡོད་ཤག་རེད། ད་བྱས་ན་ད་ལྟ་གྲོང་མི་མང་པོས་སྨན་འདི་རག་རྗེས། ད་ལྟ་ལམ་སེང་གཏོང་དགོས་སམ་ཡང་ན་དུས་ཚོད་ག་དུས་བཏང་ན་འཚམ་པོ་ཡོད་པ་སོགས་ལ་དོགས་འཆར་མང་པོ་བྱུང་འདུག ད་དུང་གྲོང་མི་ཁག་གཅིག་གིས་གདོད་འགོག་བརྟག་དཔྱད་གདགས་གཤིས་ཡིན་ན་སྨན་འདི་བཏང་ཚེ་འགྲིག་གི་རེད་དམ་ཞེས་སྐད་ཆ་འདྲི་ཡི་ཡོད། ཉེ་དུས། ཀྲུང་དབྱང་བརྙན་འཕྲིན་གྱིས་སྤེལ་བའི་གསར་འགྱུར་ལ་གཞིགས་ན། དང་ཐོག་གདོད་འགོག་བརྟག་དཔྱད་གདགས་གཤིས་ཡིན་ནའང་ཏོག་གསར་གློ་ཚད་ཕོག་པའི་ཆ་རྐྱེན་རྦད་དེ་འཛོམས་མེད་པར། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་ན་གཞི་ནས་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བྱེད་ཀྱི་ཡོད། གལ་སྲིད་གདོད་འགོག་བརྟག་དཔྱད་གདགས་གཤིས་ཡིན་ནའང་ཉིང་སྐྱུར་བརྟག་དཔྱད་བྱས་མེད་པ་མ་ཟད། ད་དུང་ཚ་བ་རྒྱས་པ་དང་། མིད་པ་ན་བ། གློ་རྒྱག་པ་སོགས་ཀྱི་ནད་རྟགས་མེད་ན་སྨན་ལེན་ཧྭ་ཆིང་ཝུན་གཏོང་རྒྱུ་མི་འདུག  གལ་སྲིད་གདོད་འགོག་བརྟག་དཔྱད་གདགས་གཤིས་ཡིན་པ་དང་ཉིང་སྐྱུར་བརྟག་དཔྱད་བྱས་མེད་པའམ་འབྲས་བུ་དོན་མེད་ཀྱང་ཚ་བ་རྒྱས་པ་དང་། གྲང་ཤུར་རྒྱག་པ། ཤུགས་ཟད་པ། སྣ་ཁུང་འགགས་པ། གློ་རྒྱག་པ། མགོ་ན་བ། མིད་པ་སྐམ་པ་དང་ན་བ་སོགས་ཀྱི་ནད་རྟགས་ཐོན་ན་སྨན་ལན་ཧྭ་ཆིང་ཝུན་གཏོང་ཆོག་གི་ཡོད། ཡང་ཏོག་གསར་གློ་ཚད་དངོས་འབྲེལ་ཕོག་པ་གཏན་འཁེལ་ན་ཨེམ་ཆིའི་མངགས་བྱ་ལྟར་སྨན་འདི་གཏོང་དགོས་ཀྱི་འདུག ད་དུང་དྲན་སྐུལ་ཞུ་རྒྱུར། འཁྱགས་ནས་འཆམ་པ་བརྒྱབ་པ་དང་། ཁྲག་ཤེད་མཐོ་བའི་ནད་པ། སྙིང་གི་ན་ཚ་ཡོད་མཁན། སྨན་ཁག་གཅིག་མ་འཕྲོད་པའི་མི། ལུས་རྩལ་པ། ཟླ་མཚན་འབབ་པའི་བུད་མེད། མཁལ་མའི་ནད་ཡོད་པ། གཅིན་སྙི་ཟགས་ཁུའི་ནད་པ་སོགས་གཟུགས་པོ་སྐྱོ་པོ་དང་གཅོང་ནད་ཕོག་མཁན་ཚོས་སྨན་འདི་གཏོང་རྒྱུ་མི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།