དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ནད་དུག་དང་བར་ཐག་ཉེ་ཤོས་ཀྱི་སྙིང་ཉེ་ཚོས་འདི་འདྲ་གསུང་གི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-05

    རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་བརྩེ་བས་ཁེངས། ཟླ་8ཚེས་23ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཁྱོན་81གིས་ཅུས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། “རིམས་ནད་མདུན་དུ་སྤྱི་བདེ་སྔོན་ལ་སྐྱོད་པའི”ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས། རང་འགུལ་ངང་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་ཁང་གི་སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་བྱས།

    1.jpg

    2.jpg

    ཟླ་8ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཡོལ་ཙམ་ལའང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་ཁང་གི་སྒྲོམ་ཚང་སྨན་ཁང་དུ་ད་དུང་དངོས་ཟོག་སྐྱེལ་འདྲེན་དང་ཁོར་ཡུག་གཙང་སྦྲ་སོགས་བྱེད་བཞིན་ཡོད། ཛ་དྲག་གི་དུས་བབ་འདི་འདྲ་ཞིག་གི་སྐབས་སུ། སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་བྱེད་མཁན་ཉེན་རྟོག་པ་81གིས་རང་འགུལ་ངང་དེ་གར་ཡོད་པའི་དངོས་ཟོག་ཏུན་10ལྷག་ཙམ་ཕབ་ནས་དབོར་ཏེ་སྒྲོམ་ཚང་སྨན་ཁང་བདེ་བླག་ངང་སྒོ་དབྱེ་ཐུབ་པར་བྱས།

    3.jpg

    སྒྲོམ་ཚང་སྨན་ཁང་ནི་ནད་དུག་དང་བར་ཐག་ཉེ་ཤོས་ཀྱི་ས་ཆའི་གྲས་ཤིག་རེད་ལ། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པར་གཅིག་སྡུད་སྨན་བཅོས་བྱེད་ས་ཞིག་ཀྱང་ཡིན་པས། གོས་དཀར་ལྷ་རྗེ་ཚོས་འདི་གར་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གིས་གཞན་གྱི་ཚེ་སྲོག་སྐྱོབ་བཞིན་ཡོད་ལ། “སྒྲོམ་ཚང་ཉེན་རྟོག་པ”ཚོས་ཀྱང་ཞུམ་མེད་སྙིང་སྟོབས་ལ་བརྟེན་ནས། འདི་གའི་བདེ་འཇགས་སྲུང་བཞིན་མཆིས། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྒྲོམ་ཚང་སྨན་ཁང་དུ་མི་དམངས་ཉེན་རྟོག་པ་བཀྲ་ཚེ་དང་ཁོང་གི་ལས་རོགས་ཚོས་ཉིན་མཚན་དབྱེར་མེད་དུ་ལས་རེས་བྱས་ནས་མཉམ་དུ་ལས་གནས་བརྟན་སྲུང་གིས་རིམས་ནད་ལ་འགོག་རྒོལ་གྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་དང་སྐྲུན་མུས་རེད།

    4.jpg

    5.jpg

    ཟླ་8ཚེས་27ཉིན། གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཚེ་དང་། གནས་སྐབས་ཏང་ཀྲི་པུའི་ཁོངས་མི་བློ་བཟང་སྒྲོལ་མ་དང་། བྱམས་པ་ཚེ་རིང་། པ་སངས་ཚེ་རིང་བཅས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་4ལ་ལས་དོན་སྒྲུབ་སྐབས་ཏོག་དབྱིབས་ནད་དུག་གསར་པ་འགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཁོ་ཚོ་བཞི་པོ་སྒྲོམ་ཚང་སྨན་ཁང་དེའི་སྒྲོམ་ཚང་དང་པོར་ལོགས་བཀར་བཞག  སྒྲོམ་ཚང་དང་པོར་སླེབས་རྗེས། ཁོ་ཚོས་ཏང་ཨུད་ཀྱི་མངགས་བཅོལ་དང་མི་དམངས་ཀྱི་རེ་སྒུག་མ་བརྗེད་པར་སྒྲོམ་ཚང་དུའང་གནས་སྐབས་ཏང་ཀྲི་པུའི“ཞུམ་མེད་ཏང་ཚོགས་ཆུང”ཞིག་བཙུགས། གནས་སྐབས་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཚེས། ང་ཚོ་ནད་པ་རེད་ལ་དེ་བས་ཀྱང་ཉེན་རྟོག་པ་ཞིག་དང་ཏང་ཡོན་ཞིག་རེད། ང་ཚོས་ཏོག་གསར་འགོས་པའི་མི་དང་བར་ཐག་ཉེ་པོས་ལས་ཀ་བྱ་ཆོག་ལ། ཉེན་ཁ་ཆེ་ཤོས་ཀྱི་ས་ཆར་ཡང་ལས་ཀ་བྱེད་པར་འགྲོ་ཆོག་པས། རང་ནུས་ཡོད་རྒུས་མུ་མཐུད་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན། སྒྲོམ་ཚང་དུ་བཅའ་སྡོད་བྱེད་པའི་གདམ་ག་བྱས་ཕྱིན། ཞེད་སྣང་དང་དངངས་སྐྲག་མེད་པར། ཡིད་སེམས་རྣལ་དུ་ཕབ་ནས། རྒྱལ་ཁ་མ་ཐོབ་བར་དུ་རིག་པ་སྒྲིམ་གྱི་ཡིན་ཞེས་བཤད།

    6.jpg

    7.jpg

    མི་དམངས་ཉེན་རྟོག་པ་པ་སངས་བཀྲ་ཤིས་ཀྱིས། སྒྲོམ་ཚང་སྨན་ཁང་དུ་སླེབས་པ་ནས་བཟུང་། ལས་རོགས་ཚང་མས“མི་དམངས་ཀྱི་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་མ་བརྗེད་པར། རྒན་རྒོན་དང་། དབང་པོ་སྐྱོན་ཅན། བྱིས་པ་བཅས་ལ་གཙོ་གནད་ལྟ་སྐྱོང་བྱས་ཏེ། དུས་ཐོག་ཏུ་དུག་སེལ་དང་གཙང་སྦྲ་བྱེད་པ་དང་། ལྟོ་ཆས་སྤྲོད་པ། སྨན་སྐྱེལ་བ་སོགས་ཀྱི་རྒྱུན་གཏན་ལས་ཀ་བྱེད་པ་མ་ཟད། སྒྲོམ་ཚང་དུ་གཏན་འཇགས་ལས་རེས་ས་ཚིགས་7བཀོད་སྒྲིག་བྱས་ནས། གནས་གཏན་འཁེལ་དུ་ལས་རེས་དང་སྐོར་གཡེང་བྱེད་ཀྱི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་ཉེན་རྟོག་པ་ཚོས་ཉིན་རེར་ཆ་སྙོམས་སྐོར་གཡེང་ཐེངས་1000ལྷག་ཙམ་བྱེད་ཀྱི་ཡོད་ཅེས་བཤད།

    8.jpg

    9.jpg

    མི་དམངས་ཉེན་རྟོག་པ་བསོད་ནམས་ཚེ་རིང་གིས། ད་ཐེངས་རིམས་ནད་ཐོན་པ་ནས་བཟུང་། ང་ཚོ་གྲོང་ཁྱེར་སྤྱི་བདེ་ཅུས་ཡོངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྟོང་ཕྲག་ཁ་ཤས་ཀྱིས་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་ལ། ཚང་མས་གནོང་འགྱོད་སྤུ་ཙམ་མེད་པར་རང་ཉིད་ཀྱི་ནུས་པས་རིམས་འགོག་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད། ངས་ཀྱང་རང་ཉིད་ཀྱི་ལུས་ལ་གྱོན་པའི་ཉེན་རྟོག་པའི་གོས་འདིར་ངོ་གནོང་མི་དགོས་པ་ཞིག་བྱས་ནས། རིམས་ནད་མཇུག་མ་འགྲིལ་བར་རང་ནུས་གང་ཡོད་འདོན་གྱི་ཡིན་ཞེས་བཤད།

    10.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།