དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཆབ་མདོས་གཞིས་རྩེར་རོགས་སྐྱོར་བྱེད་མཁན་མི་80བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-30

    ཟླ་8ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། སྨན་དོན་དང་ལས་དོན་མི་སྣ་80ལས་གྲུབ་པའི་རིམས་འགོག་སྨན་བཅོས་རུ་ཁག་ཆབ་མདོའི་ཐོག་ཁང་གི་སྒོ་ཁ་ནས་རླངས་འཁོར་དུ་འཛུལ་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད། ཁོང་ཚོ་དང་མཉམ་དུ་ད་དུང་ཁྱོན་སྒོར་ཁྲི་118རི་བའི་དམངས་འཚོའི་དངོས་ཟོག་དང་སྒོར་ཁྲི་40རི་བའི་སྨན་བཅོས་དངོས་རྫས་བླུགས་པའི་ཟོག་འདྲེན་རླངས་འཁོར་4ཡོད་པ་རེད།

    1.jpg

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་དེ་བཞིན་གྲོང་ཁྱེར་རིམ་པའི་སྨན་ཁང་ཁག་གིས་བརྡ་ལན་ཧུར་ཐག་ཞུས་ནས། ཆབ་སྲིད་བསམ་བློ་ཉམས་སད་ཐེག་ཐུབ་པ་དང་། གཟུགས་གཞི་ཐང་བ། ཉམས་མྱོང་ཕུན་སུམ་ཚོགས་པའི་རྐང་འཛིན་མི་སྣ་མགྱོགས་པོ་བདམས་ཏེ། དུས་ཡུན་ཐུང་ཤོས་ནང་མི་80ཡོད་པའི་རིམས་འགོག་སྨན་བཅོས་རུ་ཁག་གཅིག་བཙུགས་ནས། གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་མངགས་པ་རེད། རུ་ཁག་འདིར་དོ་དམ་ཚོགས་པ་དང་། སྨན་བཅོས། ནད་སྐྱོང་། སྨན་ཁང་གི་འགོ་ནད་ཚན་ཁག རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་མི་སྣ་ཡོད་པ་རེད།

    2.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།