དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • གཏམ་བཟང་། རང་ལྗོངས་ཀྱི་གཏན་འཁེལ་ནད་དཔེ་4དྲག་སྐྱེད་བྱུང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-19

    ཚེས་18ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱས་པའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་4དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཞིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་གནས་གཏན་འཁེལ་གྱི་སྨན་ཁང་ནས་ཏོག་གསར་གློག་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་མཁན་ཁག་དང་པོ་དེ་ཡིན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྐྱོབ་བཅོས་ཚོགས་ཆུང་གི་ཙུའུ་ཀྲང་ལུའོ་ཆའོ་ཞ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ནད་པ་4ཡི་ནང་སྐྱེས་པ་2དང་བུད་མེད་2ཡོད་ཅིང་། དེའི་ནང་གི་ལོ་ན་མཐོ་ཤོས་ནི་ལོ་78ལ་སླེབས་པའི་བུད་མེད་ཅིག་དང་ལོ་ཆུང་ཤོས་ནི་ལོ་5ལ་སླེབས་པའི་ཕྲུ་གུ་བུ་ཞིག་རེད། ཁག་འདིའི་ནད་པ་བཞི་པོ་ཟླ་8ཚེས་13ཉིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་བསྒྱུར་བ་དང་། གཟའ་འཁོར་གཅིག་ཙམ་རིང་སྨན་བཅོས་བྱས་པ་བརྒྱུད། བར་ཐག་ཆུ་ཚོད་24བཞག་པའི་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་རྗེས། སྨན་ཁང་ནས་དོན་ཆོག་པའི་ཚད་གཞིར་སླེབས་ཡོད། རྗེས་སོར། ནད་པ་བཞི་པོ་དེ་དག་ཁྱིམ་དུ་ལོགས་སུ་འཇོག་རྒྱུ་ཡིན་པ་རེད། 

    ནད་པ་བཞི་པོ་དེ་དག་སྨན་ཁང་ནས་དོན་པ་དེ་ནི་འགོ་ཚུགས་ཙམ་ཞིག་ཡིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣས་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་བྱས་པ་བརྒྱུད་ནད་པ་དེ་བས་མང་བ་གཅིག་རྗེས་གཉིས་མཐུད་ངང་སྨན་ཁང་ནས་དོན་ནས་རྒྱུན་གཏན་གྱི་འཚོ་བ་སྐྱེལ་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།