དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • རིམས་ནད་ལ་ཁ་གཡར་ནས་བོད་ཀྱི་མི་ཞིག་གི་སྒོར་ཁྲི58ཁ་བསླུས་བརྒྱབ་བཞག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-16

      2022ལོའི་ཟླ་8ཚེས་13ཉིན། ལྷ་ས་ཁ་བསླུས་འགོག་རྒོལ་ལྟེ་གནས་ལ་110གྱིས་ཉེན་རྟོག་པ་གཏོང་དགོས་པའི་ཁ་པར་འབྱོར། དེས་ན་ལྷ་ས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་འཕྲལ་དུ་གྱོད་དོན་སྙན་སེང་ཞུ་མཁན་དང་འབྲེལ་གཏུག་བྱས་ཏེ་གནས་ཚུལ་ཤེས་རྟོགས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་དོན་སྙན་སེང་ཞུ་མཁན་ལ་ཟླ་8ཚེས་13ཉིན་ཁྲེང་ཏུའུ་ཡི་རིམས་འགོག་མི་སྣ་ཡིན་ཟེར་མཁན་ཞིག་གིས་ཁ་པར་དེ་འབྱོར་ཞིང་། ཕ་རོལ་པོས་གྱོད་དོན་སྙན་སེང་ཞུ་མཁན་ལ་ཁོང་གི་མིང་ཐོག་ནས་གཉེར་བའི་ལག་ཐོགས་ཁ་པར་གྱི་གཱ་སྤྱོད་མཁན་དང་ཤིས་ཨན་གྱི་གཏན་འཁེལ་ནད་དཔེའི་དབར་ལ་འབྲེལ་གཏུག་དམ་ཟབ་བྱུང་འདུག་ཞེས་བཤད། དེར་བརྟེན་གྱོད་དོན་སྙན་སེང་ཞུ་མཁན་གྱིས་ལྷ་ས་ནས་ཁ་གཏན་ནས་བྲལ་མྱོང་མེད་ཅེས་བཤད་པས། ཕ་རོལ་པོས་སྤྱི་བདེ་མི་སྣས་སྔར་བས་ཞིབ་དཔྱད་བྱེད་དགོས་ཞེས་ཁ་གཡར་ནས་ཁ་པར་སྤྱི་བདེ་ལས་ཁུངས་ཀྱི་ལས་དོན་མི་སྣའི་ཁ་པར་རེད་ཟེར་མཁན་ཞིག་ལ་མཐུད་སྒྱུར་བྱས། དེ་ནས་ཕ་རོལ་པོས་ཁོང་གི་མིང་འོག་གི་ཁ་པར་གཱ་དང་དངུལ་ཁང་གཱ་དག་གྱོད་གཞི་དང་འབྲེལ་བ་འདུག་པས་རྒྱུ་ནོར་ཡོང་ཁུངས་ཞིབ་དཔྱད་བྱ་རྒྱུར་ཁ་གཡར་ཏེ། ཁོང་ལ་ཁ་པར་གྱི་བརྙན་ཤེལ་མཉམ་སྤྱོད་ཀྱི་བྱེད་ནུས་ཁ་འབྱེད་དུ་བཅུག དེ་རྗེས་ཕ་རོལ་པོས་རྒྱང་ཁྲིད་བཀོལ་སྤྱོད་བྱེད་སྟངས་ལ་བརྟེན་ནས་ཁོང་གི་དངུལ་ཁང་གཱ་ནང་གི་སྒོར་ཁྲི་58ཁ་བསླུས་བརྒྱབ་པ་རེད།

    བོད་རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཤ་ཚའི་དྲན་སྐུལ།

      ● རིམས་འགོག་གི་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་མི་སྣ་དང་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་བརྟག་དཔྱད་བྱ་ཡུལ་ལ་དངུལ་སྒྱུར་དུ་གཏན་ནས་འཇུག་མི་སྲིད་ལ། “རྒྱུ་ནོར་ཞིབ་དཔྱད”དང་བདེ་འཇགས་རྩིས་ཁྲ་ཟེར་བའི་སྐོར་དེ་བས་བརྗོད་མི་སྲིད།

      ● རིམས་འགོག་མི་སྣ་ཡིན་ཟེར་མཁན་གྱིས་ཁ་པར་ནང་མི་སྒེར་གྱི་དངུལ་ཁང་གཱ་ཡི་ཨང་གྲངས་དང་། གསང་བའི་ཨང་རྟགས། འཕྲིན་ཐུང་བཤེར་རྟགས་སོགས་བསྐུར་དགོས་པའི་རེ་བ་བཏོན་ཚེ་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས་དོགས་ཟོན་བྱེད་དགོས།

      ● རིམས་འགོག་འཕྲིན་ཐུང་ནང་ཁ་གསལ་པོ་མེད་པའི་སྦྲེལ་མཐུད་དྲ་ཚུགས་བསྐུར་ནས་སྒེར་གྱི་ཆ་འཕྲིན་འགོད་དགོས་པའི་རེ་བ་བཏོན་རིགས་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས་དོགས་ཟོན་བྱེད་དགོས། དེས་ན་ཆ་རྒྱུས་མེད་པའི་མིས་བསྐུར་བའི་སྦྲེལ་མཐུད་དྲ་ཚུགས་མནན་མི་རུང་ལ་དངུལ་གྱི་སྐོར་གླེང་སྐབས་ཁ་ཡ་དེ་བས་བྱེད་མི་རུང་།


    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།