ཟླ་8ཚེས་15ཉིན་གྱི་དགོང་མོའི་ཆུ་ཚོད་8ཙམ་ལ། ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་ནས་ནད་པ་5དོན་ཞིང་། ཁོང་ཚོ་ནི་རྟགས་མེད་ནད་དུག་འགོས་པ་ཤ་སྟག་རེད། ཁོང་ཚོའི་ཁྲོད་ལོ་ན་མཐོ་ཤོས་ལོ་53དང་ཆུང་ཤོས་ལོ་5རེད། ཁོང་ཚོའི་ཁྲོད་ནས་མི་བཞི་ས་ཆ་དེ་རང་ནས་ཡིན་པ་དང་མི་གཅིག་ནི་ཡུལ་སྐོར་བ་རེད། ཁོང་ཚོ་སྒྲོམ་ཚང་སྨན་ཁང་དུ་གཟའ་འཁོར་གཅིག་རིང་སྨན་བཅོས་བྱས་འདུག
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་པུའི་ཀྲུའུ་རེན་དང་། པེ་ཅིང་གི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ། པེ་ཅིང་ཐེན་ཐན་སྨན་ཁང་གི་སྨན་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲའོ་དབན་ཆོན་གྱིས“ཉིན་གཉིས་ནང་། ཆུ་ཚོད་24བར་ཐག་བཞག་ནས་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་འབྲས་སྲིབས་གཤིས་ཡིན་པའི་གནས་ཚུལ་འོག རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རྟགས་མེད་ནད་དུག་འགོས་པ་5སྨན་ཁང་ནས་དོན་ཆོག་པའི་གཏན་འཁེལ་བྱས་ཡོད”ཅེས་བཤད།
ལྷ་ས་གྲོང་ཁྱེར་སྒྲོམ་ཚང་སྨན་ཁང་གི་ཡོན་ཀྲང་ཉི་མས“ནད་པ་ལྔ་སྨན་ཁང་ནས་དོན་པས། ང་ཚོ་ཧ་ཅང་དགའ་པོ་བྱུང་། ཁོང་ཚོ་གནས་གཏན་འཁེལ་གྱི་ལོགས་འཇོག་མགྲོན་ཁང་དུ་བསྐྱལ་ནས་མུ་མཐུད་གསོ་རིག་གི་བརྟག་དཔྱད་བྱ་རྒྱུ་རེད”ཅེས་བཤད།