དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཅ་ལག་ཉོ་དགོས་ཚེ་ཁོང་ཚོར་འབྲེལ་བ་གནང་དང་། སྒོ་རྩར་སྐྱེལ་གྱི་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-13

    མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཚང་མར་དགོས་པ་མེད་ཚེ་ཕྱིར་འགྲོ་རྒྱུ་མེད་པའི་འབོད་སྐུལ་བྱས་ཡོད། ཁ་ས་ལྷ་ས་གྲོང་ཁྱེར་གྱིས་ཀྱང་སྤྱི་བསྒྲགས་སྤེལ་ནས“རྒྱ་ཆེའི་གྲོང་མི་ཚོར་དམིགས་བསལ་དང་གལ་ཆེ་བའི་དོན་དག་མེད་ཚེ། ཕྱིར་མི་སྐྱོད་པ་དང་། ཕན་ཚུན་འགྲོ་རེས་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་བྱེད་དགོས་པའི”འབོད་སྐུལ་བྱས་ཡོད། འོ་ན་ད་ལྟའི་དུས་མཚམས་སུ་རང་ལྗོངས་ཀྱི་ས་ཆ་ཁག་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གནས་ཚུལ་གང་འདྲ་ཡོད་མེད་དང་། གྲོང་མི་ཚོས་འཚོ་བའི་མཁོ་ཆས་ཇི་ལྟར་ཉོ་བའི་ཐད་གསར་འགོད་པས་རང་ལྗོངས་ཀྱི་སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཁག་གཅིག་ལ་བཅར་འདྲིར་བསྐྱོད་པ་ཡིན།

    མིག་སྔར་ལྗོངས་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཀྱི་ཟོག་ཁུངས་འདང་ངེས་དང་། སྣ་ཁ་འཛོམས་པ། རིན་གོང་བརྟན་པོ་བཅས་ཡོད་པས། མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་ཡོད། དེས་མ་ཚད། སྒོ་རྩིས་ཚོང་ཁང་ཁག་གཅིག་གིས་ཚོང་ཟོག་སྒོ་འགྲམ་དུ་སྐྱེལ་གྱི་འདུག་པས།  སེམས་ཁྲལ་གཏན་ནས་གནང་དགོས་མི་འདུག 

    གལ་ཏེ་ཁྱེད་ལ་དགོས་མཁོ་ཡོད་ཚེ། གཤམ་གྱི་འབྲེལ་ཡོད་ཀྱི་མི་སྣ་དང་འབྲེལ་བ་གནང་ན་འགྲིག

    1.jpg

    པའེ་དབྱི་ཚོགས་པ་བོད་ལྗོངས་ཀུང་སི། ↓↓↓

    2.jpg

    ལྷ་ས་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་། ↓↓↓

    3.jpg

    ཧྲེང་མེ་ལྕགས་སྒོ་རྩིས་ཚོང་ཁང་། ↓↓↓

    4.jpg

    སྐུ་ལྷ་དར་གདོང་སྤུས་ལེགས་སྒོ་རྩིས་ཚོང་ཁང་། ↓↓↓

    5.jpg

    ཁ་བཏགས་ཉོ་སྒྲུབ་ཐང་ཆེན་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཞུས་ཞའོ་ཁྲུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་འགྲམ་གྱི་སྤྱི་ལེ་3ནང་ཚུན་གྱི་ཁུལ་ཆུང་དུ་སྡེབ་སྐྱེལ་ཞབས་ཞུ་མཁོ་འདོན་བྱེད་དགོས་ཚེ་ཐད་ཀར་ཁ་པར་བརྒྱབ་ནས་མངགས་ཉོ་བྱེད་ཆོག་གི་ཡོད།

    འབྲེལ་གཏུག་བྱ་ཡུལ། སྤྱི་གཉེར་སྐར་མ། 

    འབྲེལ་གཏུག་ཁ་པར་ཨང་གྲངས། 18289004944དང་སྐད་འཕྲིན་ཨང་གྲངས་དེ་དང་གཅིག་མཚུངས་ཡིན། 

    ཞུས་ཞའོ་ཁྲུན་གྱི་འབྲེལ་གཏུག་ཁ་པར་ཨང་གྲངས། 18752608605དང་སྐད་འཕྲིན་ཨང་གྲངས་དེ་དང་གཅིག་མཚུངས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།