རིམས་ནད་མཆེད་པའི་དུས་སུ། ཁ་རས་ནི་ང་ཚོའི་འཚོ་བར་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་ལ། མི་མང་པོ་ཞིག་གིས་ཚོན་མདོག་སྣ་ཚོགས་ཀྱིས་བཟོས་པའི་ཁ་རས་ལ་དགའ་པོ་བྱེད་ཀྱི་ཡོད། ད་འོ་ན་ཁ་རས་འདི་རིགས་ལ་རིམས་འགོག་ནུས་པ་ལྡན་ཡོད་དམ་ཞེ་ན། གཙོ་བོ་ཁ་རས་ཀྱི་ཨང་གྲངས་འདི་དག་ལ་ལྟ་དགོས་ཀྱི་འདུག་སྟེ། རིམས་འགོག་གི་བླང་བྱ་དང་མཐུན་པའི་ཁ་རས་ལྔ་ཡོད་པ་གཤམ་གསལ།
སྨན་སྤྱོད་འགོག་སྲུང་ཁ་རས། 【GB19083-2010】
སྨན་སྤྱོད་ཕྱི་བཅོས་ཁ་རས། 【YY0469-2011】
སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས། 【YY/T 0969-2013】
རྒྱུན་གཏན་གྱི་འགོག་སྲུང་ཁ་རས། 【GB/T 32610-2016】
ཕྲུ་གུའི་ཁ་རས། 【GB/T 38880-2020】
ཤ་ཚའི་དྲན་སྐུལ།
རང་རྒྱལ་གྱིས་མང་ཚོགས་ཀྱིས་སྤྱོད་པའི་ཁ་རས་ཐད་ཚོས་དང་རི་མོ་རྒྱག་པར་གཏན་འབེབས་བཟོས་ཡོད་ཅིང་། ཚོས་བུད་དེ་ངོ་གདོང་གི་སྐྱི་པགས་ལ་གནོད་འཚེ་མི་ཕོག་པའི་ཆེད། ཁ་རས་ཀྱི་ཕྱི་ནང་གི་ཚོས་ཟུག་ཚད་རིམ་པ་གསུམ་པ་ནས་དམའ་མི་ཆོག་པ་དང་། དེ་བཞིན་ཚོས་དང་རི་མོར་འབྲས་སྐྲན་སློང་བའི་རྒྱུ་སྤྱོད་མི་ཆོག་པའི་བླང་བྱ་ཁ་གསལ་བཏོན་ཡོད།