པི་ཝང་ང་ལ་གཡར་རོགས།
ཨ་ཁུའི་པི་ཝང་ང་ལ་གཡར་རོགས།
པི་ཝ་ང་ལ་གཡར་རོགས།
སའོ་.....རང་ཏིང......རིང་ཏིང་།
ལྷ་སའི་བསྐོར་ནས་སླེབས་འོང་།
ལྷ་ས་བུ་མོ་མཛེས་བྱུང་།
པད་མའི་མེ་ཏོག་འདྲ་བྱུང་།
སའོ....རང་ཏིང......རིང་ཏིང་།
ཞབས་བྲོ་ལན་གསུམ་བརྒྱབ།
སའོ.....རང་ཏིང......རིང་ཏིང་།
རྡོག་བྲོ་ལན་གསུམ་བརྒྱབ།
ཨ་ཁུའི་པི་ཝང་ང་ལ་གཡར་རོགས།
པི་ཝང་ང་ལ་གཡར་རོགས།
སའོ་.....རང་ཏིང......རིང་ཏིང་།
ཆབ་མདོ་བསྐོར་ནས་སླེབས་འོང་།
ཆབ་མདོ་བུ་མོ་མཛེས་བྱུང་།
སྤང་རྒྱན་མེ་ཏོག་འདྲ་བྱུང་།
སའོ.....རང་ཏིང......རིང་ཏིང་།
ཞབས་བྲོ་ལན་གསུམ་བརྒྱབ།
སའོ.....རང་ཏིང......རིང་ཏིང་།
རྡོག་བྲོ་ལན་གསུམ་བརྒྱབ།
ཨ་ཁུའི་པི་ཝང་ང་ལ་གཡར་རོགས།
པི་ཝང་ང་ལ་གཡར་རོགས།
སའོ.....རང་ཏིང......རིང་ཏིང་།
རྒྱལ་ཐང་བསྐོར་ནས་སླེབས་འོང་།
རྒྱལ་ཐང་བུ་མོ་མཛེས་བྱུང་།
སྐལ་བཟང་མེ་ཏོག་འདྲ་བྱུང་།
སའོ.....རང་ཏིང......རིང་ཏིང་།
ཞབས་བྲོ་ལན་གསུམ་བརྒྱབ།
སའོ.....རང་ཏིང......རིང་ཏིང་།
རྡོག་བྲོ་ལན་གསུམ་བརྒྱབ།
ཨ་ཁུའི་པི་ཝང་ང་ལ་གཡར་ན།
ཐག་རིང་རྒྱང་ལ་མི་འགྲོ།
སའོ.....རང་ཏིང......རིང་ཏིང་།
ལི་ཐང་བསྐོར་ནས་སླེབས་འོང་།
སའོ.....རང་ཏིང......རིང་ཏིང་།
ལི་ཐང་བསྐོར་ནས་སླེབས་འོང་།