བཀྲ་ཤིས་ལོ་གསར་འཆར་ལ་ཉེ། ལྷ་སའི་ཁྲོམ་ར་འཁྲུག་ཆ་དོད། བོད་ཆུ་སྟག་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ལྷ་སའི་ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། མི་རྣམས་ལོ་གསར་གྱི་མཁོ་ཆས་ཉོ་བར་བྲེལ་བཞིན་མཆིས། གཤམ་ལ་ང་ཚོའི་གསར་འགོད་པ་དང་མཉམ་དུ་ལྷ་སའི་འཁྲུག་ཆ་དོད་པའི་ལོ་གསར་གོང་གི་ཁྲོམ་རར་ལན་གཅིག་གཟིགས་པར་ཕེབས་ཏོ།