དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • བཀྲ་ཤིས་དང་སྒྲོལ་མའི་གཏམ་གླེང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-01-28

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་དང་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་ཆུ་ཚད་གསར་པ་ཞིག་ལ་སླེབས་པར་གོ་བ་ཇི་ལྟར་ལེན་དགོས་སམ།

    སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་དང་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་ཆུ་ཚད་གསར་པ་ཞིག་ལ་སླེབས་པར་བྱ་རྒྱུ་དེ་ནི《གྲོས་འགོའི》ནང་བཏོན་པའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི་དམིགས་ཚད་གཙོ་བོ་ཆེན་པོ་གཉིས་རེད། གཅིག སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་གསར་པར་སླེབས་པ་བྱེད་དགོས། གཉིས། རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་ཆུ་ཚད་གསར་པར་སླེབས་པ་བྱེད་དགོས།

    དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་དོན་གང་ཡིན།

    《གྲོས་འགོའི》ནང་། “དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས”ཞེས་བཏོན་ཡོད། དེ་ནི་རང་རྒྱལ་གྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད་ལ། རང་རྒྱལ་གྱི་གསར་གཏོད་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། གཅིག དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ནང་གནས་ཀྱི་དགོས་མཁོ་ཞིག་རེད། གཉིས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་འཛད་སྤྱོད་ཀྱི་དགོས་མཁོ་རིམ་སྤོར་ལ་འཚམ་པའི་ནང་གནས་ཀྱི་དགོས་མཁོ་ཞིག་རེད། གསུམ། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པའི་ནང་གནས་ཀྱི་དགོས་མཁོ་ཞིག་ཀྱང་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་ཡོང་བ་དང་དམངས་འཚོའི་བདེ་རྩའི་ཆུ་ཚད་གསར་པར་སླེབས་པ་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་ཡོང་བ་དང་དམངས་འཚོའི་བདེ་རྩའི་ཆུ་ཚད་གསར་པར་སླེབས་པ་བྱ་རྒྱུ་དེ་ནི《གྲོས་འགོའི》ནང་བཏོན་པའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི་དམིགས་ཚད་གཙོ་བོ་ཆེན་པོ་གཉིས་རེད། གཅིག སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་མངོན་འགྱུར་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ནི་མི་དམངས་ཀྱི་བདེ་རྩ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། གཉིས། དམངས་འཚོའི་བདེ་རྩའི་ཆུ་ཚད་གསར་པར་སླེབས་པ་བྱེད་དགོས། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཞིག་རེད་ལ། རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཞིག་ཀྱང་རེད།

    ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་ཤུགས་ཆེན་བཏང་ནས་གསར་གཏོད་ཀྱི་གཙོ་རྒྱུ་སྣ་ཚོགས་ཁེ་ལས་ལ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གོ་བ་ཇི་ལྟར་ལེན་དགོས་སམ།

    《གྲོས་འགོའི》ནང་། “ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་ཤུགས་ཆེན་བཏང་ནས་གསར་གཏོད་ཀྱི་གཙོ་རྒྱུ་སྣ་ཚོགས་ཁེ་ལས་ལ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། དེ་ནི་གསར་གཏོད་ཀྱི་འཁོར་འབྲེལ་དང་ཐོན་ལས་ཀྱི་འཁོར་འབྲེལ་ནུས་ལྡན་ངང་སྦྲེལ་མཐུད་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ཧྲིལ་པོའི་ནུས་པ་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། གཅིག ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་ཤུགས་ཆེན་གཏོང་བ་ནི་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་ནུས་པ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དངོས་ཤུགས་ལ་བསྒྱུར་བའི་ནང་དོན་གི་སྙིང་པོ་ཞིག་རེད། གཉིས། ཁེ་ལས་ལ་གསར་གཏོད་བྱེད་པོའི་གནས་བབ་ལྡན་མིན་གྱིས་རྒྱལ་ཁབ་དང་ས་ཁུལ་ཞིག་ལ་གསར་གཏོད་ཀྱི་ནུས་པ་ལྡན་མིན་ཐག་གཅོད་བྱེད་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད། གསུམ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མཐོ་རུ་གཏོང་བར་བྱ་ཐབས་མང་པོ་མཉམ་དུ་སྤྱོད་དགོས། བཞི། སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་ནི་འགག་རྩ་ཡིན་པས། ལག་རྩལ་དང་། ཤེས་ལྡན་པ། མ་དངུལ་སོགས་ཀྱི་གསར་གཏོད་གཙོ་རྒྱུ་ཁེ་ལས་ལ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།