དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ད་ལོ་གནམ་རིག་སྐར་རྩིས་ཀྱི་གནའ་དཔེ7དཔེ་སྐྲུན་བྱ་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་སྲུང་སྐར་འཕྲིན་ལམ།   |     སྤེལ་དུས།  2020-06-19

    བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ནི་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚབ་མཚོན་ལྟ་བུ་རེད་ལ། ད་ལྟའི་བར་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། 2006ལོ་ནས་བཟུང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ། གནམ་རིག་སྐར་རྩིས་ཐད་ཀྱི་གནའ་དཔེའི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    2006ལོ་ནས་བཟུང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་བོད་ལུགས་གསོ་རིག་དང་། བོད་སྨན་གྱི་གནའ་དཔེ་པོད་700ལྷག་ཙམ་དང་། གནམ་རིག་སྐར་རྩིས་ཀྱི་གནའ་དཔེ་པོད་300ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པ་རེད།

    མིག་སྔར། སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ཡིས་གནའ་དཔེ་འཚོལ་ཞིབ་དང་། རྩིས་རྒྱག་འཕྲུལ་འཁོར་གྱིས་ཡིག་གཏག་པར་སྒྲིག་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང་། འཆར་གཞི་ལྟར་ན་2020ལོར་གནམ་རིག་སྐར་རྩིས་ཀྱི་གནའ་དཔེ་7དཔེ་སྐྲུན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།