དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ས་ཆ་མང་པོར་རྨོན་གཉའ་བཅག་ནས་ལོ་ལེཊ་ཡོང་བའི་སྨོན་འདུན་ཞུས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  སྤེན་པ། བསྟན་ཆོས། ཚེ་རིང་གཡུ་སྒྲོན།   |     སྤེལ་དུས།  2020-03-18

    ཟླ3ཚེས16ཉིན།  ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་དམར་གྲོང་ཚོ་དང་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོ་སོགས་སུ་ལོ་གཅིག་དུས་གཅིག་གི་རྨོན་གཉའ་གཅོག་པའི་མཛད་སྒོ་འཚོགས་པ་རེད།

    2.jpg

    3.jpg

    མིག་སྔ་ནི་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་ཞིག་ཡིན་པས། གྲོང་ཚོ་ཁག་གི་རྨོན་གཉའ་གཅོག་པའི་མཛད་སྒོ་ཡང་སྔོན་མ་དང་བསྡུར་ན་ཅུང་སྟབས་བདེ་ཙམ་ཡོད། དེའི་ཐད་དམར་གྲོང་ཚོའི་གྲོང་མི་གནམ་དཀར་གྱིས“ང་ཚོའི་གྲོང་ཚོར་ཡང་སྔོན་མ་དང་མི་འདྲ་བར་གྲོང་ཚོའི་འཐུས་མི་མ་གཏོགས་དེ་རིང་གི་མཛད་སྒོའི་ནང་ཞུགས་མེད།   འཐུས་མིས་ཀྱང་ཤང་གི་འཕྲོད་བསྟེན་མི་སྣའི་རེ་བ་ལྟར་ཁ་རས་རྒྱག་པ་སོགས་ཚན་རིག་དང་མཐུན་པའི་འགོག་སྲུང་གི་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་ད་ཐེངས་ཀྱི་མཛད་སྒོར་ཞུགས་ཡོད་པ་རེད”ཅེས་བཤད།    

    5.jpg

    6.jpg

    མཛད་སྒོའི་ཐོག   ཞིང་པ་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་འདྲུད་ཐེན་འཕྲུལ་འཁོར་སོགས་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་གཉའ་གཅོག་མཛད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བ་དང་སྦྲགས།  འདི་ལོ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།