མིག་སྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་ཡིན་པས། རྒྱལ་ཡོངས་ཀྱི་མི་དམངས་ཚོས་བློ་སེམས་གཅིག་མཐུན་གྱིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་བཞིན་ཡོད། འོན་ཀྱང་འགག་རྩའི་དུས་དེར་མི་འགའ་ཞིག་གིས་གཏན་འབེབས་ལ་བརྩི་སྲུང་མ་ཞུས་པར་ཁྱིམ་དུ་ལོགས་སུ་འཇོག་རིང་རང་དགར་ཕྱིར་དོན་གྱི་ཡོད།
ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་སྐབས། ཁྱིམ་དུ་ལོགས་སུ་བཞག་པའི་སྐྱེས་པ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་རང་དགར་ཕྱིར་དོན་ཡོང་བ་ཤེས་རྟོགས་བྱུང་། དེ་རྗེས་མི་དམངས་ཉེན་རྟོག་པས་ཁོ་པར་ཚ་བ་བལྟས་པ་དང་ཆབས་ཅིག་ཀྲུའུ་ཆེ་གེ་མོར་རང་ཉིད་ཀྱི་སྡོད་སར་ལོག་དགོས་པ་མ་ཟད། ལོགས་སུ་འཇོག་པའི་དུས་ཚད་མ་ཐིམ་བར་རང་དགར་ཕྱིར་དོན་མི་ཆོག་པའི་ཁ་ཏ་བསླབ་བྱ་ཡང་བྱས།
ཉེ་ཆར་ཡང་སྐྱེས་པ་ཞིག་གིས་ཁྱིམ་དུ་ལོགས་སུ་འཇོག་རིང་རང་དགར་ཕྱིར་དོན་པས་ཁུལ་ཆུང་གི་ལས་དོན་པས་ཁོ་པ་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་ལ་སྔར་བས་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུར་རྩིས་སྤྲད། མིག་སྔར་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྐྱེས་པ་དེ་དམིགས་འཛུགས་ཀྱི་མགྲོན་ཁང་དུ་ཉིན་14ཡི་གསོ་རིག་ལྟ་ཞིབ་བྱེད་པར་བསྐྱལ་བ་རེད།
ཉེན་རྟོག་པས་དྲན་སྐུལ་བྱ་རྒྱུར།
ཁྱིམ་དུ་ལོགས་སུ་བཞག་པ་ནི། རང་ཉིད་དང་། ནང་མི། སྤྱི་ཚོགས་བཅས་ལ་འགན་འཁུར་བ་ཞིག་རེད། རྒྱ་ཆེའི་གྲོང་མི་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ་སྡེ་ཁུལ་ཨུ་ལྷན་དང་འཕྲོད་བསྟེན་རིམས་འགོག་སྡེ་ཚན། དེ་བཞིན་སྤྱི་བདེ་སྡེ་ཚན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རང་འགུལ་ངང་བརྩི་སྲུང་དང་གཞོགས་འདེགས་བྱེད་དགོས།