ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྲིག་འཁུར་ཁྲིམས་སྲུང་གི་སྤྱི་དམངས་བྱེད།
ཁྲིམས་སྲུང་རྒྱུ་ནི་སྤྱི་དམངས་མི་རེ་ངོ་རེར་བཏོན་པའི་གཞི་རྩའི་བླང་བྱ་ཡིན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱ་རྒྱུ་གནད་ལ་སྨིན་པར་ང་ཚོར་བླང་བྱ་འདི་ལྟར་བཏོན་ཡོད་པ་སྟེ། ང་ཚོས་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། རང་འགུལ་གྱིས་ཁྲིམས་ལུགས་བརྩི་སྲུང་དང་སློབ་སྦྱོང་ཞུས་ཏེ། ཁྲིམས་ལུགས་དེ་བྱ་སྤྱོད་ཀྱི་རྩ་འཛིན་དང་མི་ཇི་ལྟར་ཞིག་བྱེད་པ་དང་བྱ་བ་ཇི་ལྟར་སྒྲུབ་པའི་མཐའ་ཚད་དུ་འཛིན་ནས་ཁྲིམས་བཞིན་རིམས་ནད་འགོག་ཟོན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། འགོས་ནད་འགོག་བཅོས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག བདག་མེད་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་མྱུར་སེལ་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་བཅས་དང་། དེ་བཞིན་ཉེས་ཁྲིམས་དང་བདེ་འཇགས་བཅོས་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་སོགས་འབྲེལ་ཡོད་ནང་དོན་ལ་རང་འགུལ་གྱིས་བརྩི་སྲུང་ཞུས་ནས་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་རིམས་ནད་འགོག་ཟོན་ནང་གི་འགལ་བ་དང་རྩོད་རྙོག་ཁག་སེལ་དགོས། རིམ་ཁག་དང་ཚན་པ་ཁག་དང་ཤང་གྲོང་སྡེ་ཁུལ་ལ་རང་འགུལ་གྱིས་དྲིལ་བསྒྲགས་སློབ་གསོ་དང་ཆ་འཕྲིན་ཐོ་འགོད། གཟུགས་པོའི་ཚ་བ་བལྟ་བ། དུག་སེལ་སོགས་རིམས་ནད་འགོག་ཟོན་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། ཟོག་གོང་ཧམ་སྤར་བྱེད་པ་དང་། དངོས་ཟོག་ཉར་གསོག་བྱེད་པ། སྟབས་བསྟུན་འཕྲོག་བཅོམ་བྱེད་པ་སོགས་སྤྱི་ཚོགས་སྒྲིག་སྲོལ་ཟང་ཟིང་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རང་འགུལ་གྱིས་འགོག་རྒོལ་བྱེད་དགོས། སྨན་རྫུན་མ་དང་སྨན་བཅོས་ཡོ་ཆས་རྫུན་མ། སྨན་བཅོས་འཕྲོད་བསྟེན་རྒྱུ་ཆ་རྫུན་མ་སོགས་བཟོ་འཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རང་འགུལ་གྱིས་འགོག་རྒོལ་བྱེད་དགོས། སྨན་པར་དྲག་ཤུགས་ཀྱིས་རྨས་སྐྱོན་གཏོང་བ་དང་དཀྲོག་གཏམ་བཟོ་བ་སོགས་རིམས་ནད་འགོག་ཟོན་ལ་འགལ་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རང་འགུལ་གྱིས་འགོག་རྒོལ་བཅས་བྱས་ནས་སྤྱི་ཚོགས་དུས་བདེར་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་དགོས།
树立法治意识争做遵纪守法公民
守法是对每个公民最基本的要求。面对严峻的疫情考验,做到讲文明爱生活就是要求我们更要尊法学法守法用法,自觉遵守传染病防治法及 其实施条例、野生动物保护法、动物防疫法、突发公共卫生 事件应急条例等法律法规,用法治方式化解疫情防控中的各种矛盾纠纷,支持和配合各级党委、政府和基层组织的防控措施,自觉抵制哄抬物价、囤积居奇、趁火打劫等扰乱社会秩序的违法犯罪行为,自觉抵制制售假劣药品、医疗器械、 医用卫生材料等违法犯罪行为,自觉抵制暴力伤医、造谣传谣等破坏疫情防控的违法犯罪行为,为维护社会安定有序作出贡献。