དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཁོང་རྣམ་པས་སྡེ་ཁུལ་ལ་རིམས་འགོག་འདི་འདྲ་བྱེད་བཞིན་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-20

    སྡེ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཡུལ་གལ་ཆེན་ཞིག་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་མི་སྣ་དང་། ས་ཆ། བྱ་དངོས་བཅས་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན། སྡེ་ཁུལ་མང་ཚོགས་མི་སྒེར་གྱི་འགོག་སྲུང་ལ་ཁྲིད་སྟོན་བཅས་བྱས་ཏེ། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད།

    པ་སངས་སྐྱིད་མོ་ནི་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་རྨེ་རུ་སྡེ་ཁུལ་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཡིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། ཁོང་གིས་སྤྱི་མིའི་ནུས་པ་འདོན་སྤེལ་གང་ལེགས་དང་། ཉིན་ལྟར་ཐོ་འགོད་ཀྱི་ལས་དོན་ནན་ཏན་བསྒྲུབས་པ་ཕུད། ད་དུང་སྡེ་ཁུལ་གྲོང་ལྷན་གྱི་བླང་བྱ་གཞིར་བཟུང་། ཁྱིམ་ཚང་རེ་རེ་བཞིན་དུ་རིམས་ནད་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་འགོག་སྲུང་ཤེས་བྱ་གཏིང་ཟབ་ཏུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་ཚང་མས་ཤེས་པ་དང་དེར་ཞུགས་སུ་བཅུག་ཡོད།

    66669999.jpg

    ཆུང་བདག་གིས་ཕྱིར་སྐྱོད་གྲོང་མིར་ཐོ་འགོད་བྱེད་བཞིན་པ།

    “གང་དུ་ཕེབས་མཁན་ཡིན་ནམ། དུས་ཚོད་ག་ཚོད་འགོར་རམ། ངེས་པར་དུ་ཐོ་རྒྱག་དགོས་ལ་མཛུབ་ཐེལ་ཡང་རྒྱག་དགོས”འདི་ལོ་ལོ་73ལ་སླེབས་པའི་ཆུང་བདག་ནི་ར་མོ་ཆེ་སྡེ་ཁུལ་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་ཡིན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྤྱི་མིའི་ངོས་ནས་ཁོང་གིས་རང་དཔེ་གཞན་སྟོན་བྱས་ཏེ་འགན་འཁྲི་ནན་ཏན་བསྒྲུབས་པ་མ་ཟད། སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཡོད། ཉིན་ལྟར་གྲོང་མི་ཕྱིར་བསྐྱོད་ཚེ་ཐོ་ཡག་པོ་རྒྱག་པ་དང་དུས་ཐོག་ཏུ་སྒོ་རའི་གྲོང་མིར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གལ་ཆེའི་རང་བཞིན་བརྒྱུད་བསྒྲགས་བྱེད་ཀྱི་ཡོད།

    99666.jpg

    ཟླ་བ་ཚེ་རིང་གིས་སྡེ་ཁུལ་གྱི་སྲང་ལམ་དུ་དུག་སེལ་བྱེད་བཞིན་པ།

    ཉིན་ལྟར་ཉིན་དགུང་ཆུ་ཚོད་དང་པོར་ར་མོ་ཆེ་སྡེ་ཁུལ་གྱི་གྲོང་མི་ཟླ་བ་ཚེ་རིང་གིས་དུག་སེལ་ཡོ་ཆས་ཁྱེར་ཏེ་སྒོ་ར་དང་སྲང་ལམ་དུ་དུས་ཐོག་ཏུ་དུག་སེལ་བྱེད་པར་འགྲོ་གི་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཟླ་བ་ཚེ་རིང་གིས་རང་འགུལ་ངང་རེ་ཞུ་ཕུལ་ནས་སྡེ་ཁུལ་གྱི་དང་བླངས་པ་བྱས་ཏེ་སྡེ་ཁུལ་གྱི་དུག་སེལ་ལས་དོན་ལ་ཞུགས་ཡོད། ཉིན་ལྟར་དུས་ཐོག་ཏུ་དུག་སེལ་བྱེད་པ་ནི་ཁོང་གི་ཉིན་རེའི་ལས་ཀ་གཙོ་བོར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།