ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་སྐད་འཕྲིན་སྒྲོག་འགྲེལ་གནད་བསྡུས།
ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་གྱི་དམག་འཐབ་བཅས་རྒྱག་འགོ་ཚུགས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་བརྡ་ལན་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་གྱིས། བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དཀའ་ལས་ཁག་ཤོས་ཀྱི་འགག་རྩའི་དུས་དང་རྒྱལ་ཕམ་ཐག་མ་ཆོད་པའི་འགག་རྩའི་དུས་སུ་སླེབས་ཡོད་ལ། ད་དུང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་ཡིན་པས། རིམས་ནད་མཆེད་པའི་ཉེན་ཁ་དང་སྔོན་འགོག་ཚོད་འཛིན་གྱི་དཀའ་གནད་ཧ་ཅང་ཆེན་པོ་ཡོད། དེས་ན་ང་ཚོས་ལྷོད་གཡེང་གཏན་ནས་མི་བྱེད་པར་དེ་བས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་མཉམ་དུ་ཁྱད་བསད་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།
ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་དགོས།
ཚེ་སྲོག་ནི་ཀུན་ལས་ལྷག་པས། རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྔ་ཕྱི་བར་གསུམ་དུ་ཨང་དང་པོར་འཇོག་བཞིན་ཡོད་པས“རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་དང་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་ཐད་ཀར་འབྲེལ་བ་ཡོད་པ་རེད”ཅེས་ནན་བཤད་བྱས་ཡོད། དེས་ན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས། ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་མཐའ་འཁྱོངས་དང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་འདུ་ཤེས་མཐའ་འཁྱོངས་བཅས་བྱས་ཏེ། མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་ལག་ལེན་བསྟར་ནས། ཁྲིམས་ལྟར་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་དང་། ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས། ནུས་ཤུགས་ཡོད་རྒུས་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་དངོས་ཟོག་མཁོ་སྤྲོད་འགན་ལེན། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་ཁ་གསལ། ཚན་ཞིབ་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ། རྒྱལ་སྤྱིའི་མཉམ་ལས་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕྲལ་དུ་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་བརྡ་ལན་འགོ་བཙུགས་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་ཤོས་སྤྱད་དེ། ཕྱི་ནས་མི་འགོས་བ་དང་ནང་དུ་མི་ཁྱབ་པ། ནུས་ཤུགས་ཡོད་རྒུས་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱིས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་བཅས་བྱས་པས། བོད་ལྫོངས་ནི་རྒྱལ་ཡོངས་ཀྱི་ནད་གཞི་གཏན་འཁེལ་བའི་ནད་དཔེ་གཅིག་ལས་མེད་པའི་ས་ཆ་འབའ་ཞིག་དེར་གྱུར་ཡོད་ལ། ནད་གཞི་གཏན་འཁེལ་བ་དང་དོགས་ཡོད་ནད་དཔེ་མེད་པར་གྱུར་པའི་ས་ཆ་ཐོག་མ་དེར་གྱུར་ནས། བོད་ལྫོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། དེས་ན་ང་ཚོས་ཡང་འབད་བསྐྱར་འབད་དང་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས།
讲文明爱生活微宣讲提纲
新型冠状病毒肺炎疫情发生以来,以习近平同志为核心的党中央高度重视,及时部署,打响了疫情防控的人民战争、总体战、阻击战。区党委、政府即刻响应,把疫情防控工作作为当前最重要的政治任务来抓,采取系列有力有效举措,取得了阶段性成效。当前,疫情防控工作到了最吃劲的关键阶段,正处于胶着对垒状态,加之藏历新年即将到来,疫情传播风险和防控难度很大,我们绝不能有丝毫懈怠,要更加坚定信心、共克时艰,全面打赢疫情防控阻击战。
坚决执行党中央和区党委疫情防控决策部署
生命重于泰山,疫情就是命令,防控就是责任。习近平总书记始终把人民群众生命安全和身体健康放在第一位,强调“做好疫情防控工作,直接关系人民生命安全和身体健康,直接关系经济社会大局稳定,也事关我国对外开放”。疫情防控工作在党中央集中统一领导下,紧紧依靠人民群众,坚定信心、同舟共济、科学防治、精准施策,坚持全国一盘棋,启动联防联控机制,依法科学有序防控,全力以赴救治感染患者,全力保障医疗防控物资供应,及时公开透明发布疫情,加大科研攻关力度,切实维护正常经济社会秩序,做好宣传教育和舆论引导工作并开展国际合作,充分体现了中国特色社会主义集中力量办大事的制度优势。区党委、政府坚决贯彻落实习近平总书记和党中央各项决策部署,第一时间启动重大突发公共卫生事件一级响应,实行最严格的防控措施,外防输入、内防扩散,全力以赴保障物资供给,一手抓疫情防控,一手抓维护稳定,西藏成为全国唯一一个仅有一例确诊患者的省份,首个实现确诊病例和疑似病例清零的省份,更加坚定了西藏全面打赢疫情防控阻击战的信心和决心。我们要增强“四个意识”、坚定“四个自信”、做到“两个维护”,积极响应党中央号召,战疫面前闻令而动,再接再厉、毫不松懈,不折不扣地贯彻落实好党中央和区党委关于疫情防控的各项决策部署。