ཁ་པར་ལ་དུག་སེལ་བྱེད་དགོས་པའི་དྲན་སྐུལ་ཞིག
ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ཕྱི་ལ་ཕྱིན་ནས་ཁྱིམ་ལ་ལོག་རྗེས་ཁ་པར་ལ་དུག་སེལ་བྱེད་དགོས་ཞེས་དྲན་སྐུལ་གནང་འདུག
སྤྱི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོག་སྐབས། ཁ་པར་ལ་དུག་སེལ་བྱེད་དགོས་མིན་གྱི་གནད་དོན་ཐད། ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥེང་ལུའུ་ཧྲའོ་ཡིས། ཁ་པར་ནི་གང་སར་སྤྱོད་མང་པའི་དངོས་པོ་ཞིག་ཡིན་པས། དེ་ལ་གཙང་སྦྲ་དང་དུག་སེལ་གཙང་མ་བྱེད་དགོས། རྣམ་ཀུན་ཁྱིམ་ལ་ལོག་རྗེས་ཁ་པར་གྱི་གློག་བསད་ནས་གྲང་མོ་ཆགས་རྗེས། 75%ཅན་གྱི་ཅུའུ་ཅིང་དང་ཡང་ན་དུག་སེལ་ཤོག་བུ་སོགས་ཀྱིས་ཁ་པར་གྱི་ཕྱི་ངོས་གཙང་མར་འཕྱིས་དགོས་པ་མ་ཟད། ལག་པར་ཡང་གཙང་སྤྲ་བྱེད་དགོས་ཞེས་དྲན་སྐུལ་གནང་འདུག