དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་པའི་ཐབས་ཤེས།

  • ཡོང་ཁུངས།  སེམས་ཀྱི་ཞིང་ཁམས།   |     སྤེལ་དུས།  2020-02-03

    དོ་སྣང་བྱ་དགོས་པ།

    ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་ཐབས་བྱ་རྒྱུར་གཟབ་གཟབ་བྱས་ཏེ། ཁ་རས་རྒྱག་པ་དང་། གཙང་སྦྲ་འཕྲོད་བསྟེན་བྱེད་པ། རྒྱུན་དུ་ལག་པ་འཁྲུ་བ། ཁང་པའི་ནང་རླུང་འགྲོ་ཐབས་བྱེད་པ། མི་ཚོགས་མང་སར་འགྲོ་རྒྱུར་འཛེམ་དགོས། གལ་སྲིད་ཚ་བ་རྒྱས་པ་དང་། གློ་ལུ་པ་སོགས་ཀྱི་ནད་རྟགས་ཐོན་ན། དུས་ཐོག་ཏུ་སྨན་བཅོས་བྱ་དགོས། རིམས་ནད་ཚོད་འཛིན་བྱེད་པར་ང་ཚོ་མཉམ་དུ་ཡོད།

    ལག་པ་འཁྲུ་སྟངས།

    ཆུ་གློད་ནས་ལག་པ་གཉིས་རློན་པར་བཟོ་དགོས་པ་དང་།   དེའི་རྗེས་འདག་རྫས་བརྒྱབ་ནས་འཕུར་འཕུར་བཏང་སྟེ་ལྦུ་བ་ལངས་པར་བྱ་དགོས། མ་མཐའ་ཡང་སྐར་ཆ་བཅུའི་ནང་མཛུབ་མོ་དང་སེན་མོ། སྦར་མཐིལ། ལག་པའི་རྒྱབ། མཁྲིག་མ་བཅས་ལ་འཕུར་འཕུར་གཙང་མ་གཏང་དགོས། འཕུར་འཕུར་གཏོང་སྐབས་ཆུ་མ་བསླེབ་པར་བྱ་དགོས། འཕུར་འཕུར་བཏང་རྗེས་ཆུ་བཤལ་གཙང་མ་གཏང་དགོས། དེ་ནས་ཨ་ཅོར་གཙང་མ་ཞིག་གིས་ལག་པ་གཉིས་གཙང་མ་ཕྱིད་དགོས། ལག་པ་གཙང་མ་ཕྱིད་རྗེས་ཀ་ལར་ལག་པ་འཆང་མི་རུང་།  

    ཐེངས་གཅིག་ལས་བེད་སྤྱོད་མི་རུང་བའི་སྨན་སྤྱོད་ཁ་རས་རྒྱག་སྟངས།

    ཐེངས་གཅིག་ལས་སྤྱོད་མི་རུང་བའི་ཁ་རས་དེར་ཕྱི་ནང་གསལ་པོ་ཡོད།   ཚོས་གཞི་སྐྱ་མདོག་ཡིན་པའི་ངོས་དེར་བཞའ་ཚན་འཐེན་པའི་ནུས་པ་ཡོད་པས།   ནང་ལོགས་ལ་བལྟ་དགོས་པ་དང་ཚོས་གཞི་སྔོ་དཀར་ཡིན་པ་དེ་ཕྱིར་བལྟ་དགོས།   རང་སོ་སོའི་ངོ་གདོང་གི་དབྱིབས་ལ་གཞིགས་ནས།   ལྟེབས་རྩེག་ལྷུག་པོར་བཤིག་སྟེ་སྣ་ཁུང་དང་ཁ། མ་ནེ་བཅས་ཡོངས་སུ་བཏུམ་དགོས།   དེ་ནས་ཁ་རས་གདོང་ལ་སྦྱར་ནས་བརྒྱག་དགོས།  

    མགོ་ནས་གོན་བྱེད་ཀྱི་ཁ་རས་རྒྱག་པའི་གོ་རིམ།

    ལག་པ་གཅིག་གིས་ཁ་རས་ཀྱི་ཕྱི་ངོས་ནས་བཟུང་སྟེ་མཛུབ་རྩེ་སྣ་ཁུང་ཡོད་སར་གཏད་དགོས་པ་དང་།  མགོ་ལ་གོན་བྱེད་ཀྱི་ཐ་གུ་གཉིས་ལག་པའི་རྒྱབ་ངོས་སུ་གློད་དེ། སྣ་ཁུང་གཉིས་ལ་གཏད་ནས་ཁ་རས་ཀྱིས་མ་ནེ་ཡོངས་སུ་བཏུམ་དགོས། སྒང་གི་ཐ་གུ་དེ་སྤྱི་བོར་འདོགས་དགོས་པ་དང་། འོག་གི་ཐ་གུ་མཇིང་པར་འདོགས་དགོས།   ལག་པ་གཉིས་ཀྱིས་སྣ་ཁུང་གི་གཡས་གཡོན་ནས་བཙིར་ཏེ་སྣ་ཁུང་གི་བཟོ་ལྟ་ཕྱིར་ཐོན་པར་བྱ་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།