དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཤུགས་རྒྱོབ།

  • ཡོང་ཁུངས།  དྲུའཕྲིན་བོད་ལྗོངས།   |     སྤེལ་དུས།  2020-02-03

    གླུ་པ། པད་མ་བསྟན་འཛིན།

    གཞས་ཚིག 

    སྙིང་ནས་བརྩེ་བའི་ང་ཡི་གྲོགས་པོ་གྲོགས་མོ་ཚོ།

    ཁྱེད་ཞེད་དགོས་མ་རེད། སྐྲག་དགོས་མ་རེད་ཨཱ།

    ནད་ཡམས་ལ་སྙིང་རྗེ་མེད་ཀྱང་།

    མི་ཡུལ་བརྩེ་བས་ཁེངས།

    ཁྱེད་དང་ང་དང་ང་ཚོ་ཚང་མའི་བདེ་ཐང་ཆེད།

    དེ་ལ་མཐོང་ཆུང་མ་བྱེད། སྣང་མེད་མ་གཏོང་རོགས།

    ནད་ཡམས་འདི་ཚབ་ཆེ་བས།

    ཕྲུ་གུའི་རྩེད་མོ་མིན།

    ཕྱི་ལ་ཉུང་ཙམ་ཕེབས། ནང་ལ་མང་ཙམ་བཞུགས་དང་། གྲོགས་པོ་ཚོ།

    རྟག་པར་ཁ་རས་རྒྱབ།གཙང་སྦྲ་མང་ཙམ་གནང་།གྲོགས་མོ་ཚོ།

    ནམ་ཞིག་ཉི་མ་སྤྲིན་པའི་འོག་ནས་ཐར་བའི་དུས་གཅིག་ཤར་ཡོང་།

    བྱས་ཙང་། ཤུགས་རྒྱོབ། ཚང་མས་ཤུགས་རྒྱོབ།

    ང་ཚོ་ནམ་ཡང་མཉམ་དུ་ཡོད།

    བྱས་ཙང་། ཤུགས་རྒྱོབ། ཚང་མས་ཤུགས་རྒྱོབ།

    ང་ཚོ་ནམ་ཡང་མཉམ་དུ་ཡོད།

    ང་ཚོ་ནམ་ཡང་མཉམ་དུ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།