དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • པེ་ཅིང་གི་མཚན་ཚོགས་ཤིག་གིས་བོད་ཀྱི་བྱིས་པ་རྣམས་གདན་ཞུས་བྱས་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2020-01-16

    ཚེས་14ཉིན་གྱི་ཕྱི་དྲོར། དིང་རི་རྫོང་ཉི་ཤར་ཤང་སློབ་ཆུང་གི་སློབ་མ་40དང་འདམ་གཞུང་རྫོང་ཀོང་ཐང་ཤང་སློབ་ཆུང་གི་སློབ་མ་20པེ་ཅིང་དུ་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱེད་པའི“ཉི་མ་མེ་ཏོག་བཞད་ཁ་ཕྱེ”ཞེས་པའི་2020ལོའི་རྒྱལ་ཡོངས་བྱིས་པའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ལ་ཞུགས་པ་རེད། ཤེས་རྟོགས་བྱུང་བར། ན་ནིང་གི་ཟླ་10པར་སློབ་གྲྭ་དེ་གཉིས་ལ་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ཁང་གི“ཉི་མ་མེ་ཏོག་བཞད་ཁ་ཕྱེ”རྩ་འཛུགས་ཨུ་ཡོན་ཁང་གི་གདན་ཞུའི་ཡི་གེ་འབྱོར་ཏེ། ལྷག་བསམ་དག་པའི་ངང་ནས་སློབ་གྲྭའི་མཉམ་གཞས་ཚོགས་པ་པེ་ཅིང་དུ་མཚན་ཚོགས་ནང་ཞུགས་རྒྱུར་གདན་ཞུ་བྱས་ཡོད། མཚན་ཚོགས་ཀྱིས་གཙོ་བོ་དེང་རབས་ལོ་ཆུང་བྱིས་པའི་སྒྱུ་རྩལ་གྱི་བྱང་ཚད་དང་མཛེས་སྐྱོང་སློབ་གསོའི་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད།

    མཉམ་གཞས་ཚོགས་པའི་འགན་འཁུར་དགེ་རྒན་ཝང་ལགས་ཀྱིས་ངོ་སྤྲོད་བྱས་པར། སློབ་མ་རྣམས་པེ་ཅིང་དུ་གནམ་བདེ་སྒོ་མོ་དང་། རྒྱལ་ཁབ་དངོས་མང་རྟེན་རྫས་བཤམས་སྟོན་ཁང་སོགས་ལ་ལྟ་སྐོར་བྱེད་དེ་ཀྲུང་ཧྭའི་རིག་གནས་ལ་རྒྱུས་ལོན་དང་རྒྱལ་སའི་མཛེས་པར་མྱོང་རོལ་བྱ་རྒྱུ་རེད་ལ། པེ་ཅིང་ཝེ་ཡེ་ནྰ་བྱིས་པའི་མཉམ་གཞས་ཚོགས་པ་དང་ལག་གདང་སྦྲེལ་ཏེ་གྲོགས་པོ་སྒྲིག་རྒྱུ། པེ་ཅིང་ཆིང་ཧྲན་སློབ་ཆུང་གི་སློབ་མ་དང་མཉམ་དུ་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་བཅས་ཀྱི་ཐོག་ནས། བྱིས་པ་རྣམས་ལ་རླབས་ཆེན་མེས་རྒྱལ་གྱི་སྟོབས་འབྱོར་འཕེལ་རྒྱས་མིག་གིས་མཐོང་ཞིང་སེམས་ཀྱིས་ཚོར་བ་བྱ་རྒྱུ་རེད་ཅེས་གསུངས། (གསར་འགོད་པ། གྲགས་པ་དབང་ཆེན། བདེ་ཆེན་དགྲ་འདུལ། ལེང་ཆིན)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།