དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • @གྲོགས་པོ་ཚོ། རྒྱལ་སྟོན་དུས་ཆེན་རིང་ལ་ལྷ་སར་བྱེད་སྒོ་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-30

    ཟླ་9ཚེས་28དང་ཚེས་29ཉིན་གཉིས་ཀྱི་ཕྱི་དྲོའི་ཆུ་ཚོད་8དང་ཕྱེད་ཀའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་དེ་ལྗོངས་ལྷ་མོ་ཚོགས་པའི་ཚོགས་ཁང་དུ་འཁྲབ་སྟོན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་མཚན་ཚོགས་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་རིག་གནས་ཐིང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ལྗོངས་གླུ་གར་ཚོགས་པ། ལྗོངས་ལྷ་མོ་ཚོགས་པ། ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ། ལྷ་ས་གྲོང་ཁྱེར་རིག་གནས་ཅུད་སོགས་ཀྱིས་རོགས་གཉེར་བྱས་ཤིང་། དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་གི་མཚན་ཚོགས་ཁྲོད་རང་ལྗོངས་ཀྱི་གཞས་པ་གཞས་མ་ཚོས་སྙན་པའི་གླུ་གཞས་ཀྱི་འགྱུར་ཁུག་དང་འཁྲུག་ཆ་དོད་པའི་ཞབས་བྲོའི་སྟངས་སྟབས་ཀྱིས་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

    微信图片_20190930120205.jpg

    འཁྲབ་སྟོན་པས་གླུ་དབྱངས་ལེན་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ།

    གངས་ལྗོངས་བུ་ཕྲུག་ཚོགས་པས་བཏང་བའི་གླུ་གཞས《ཨར་ལང་རི་བོར་བསྟོད་གླུ་ལེན》ཞེས་པའི་ལེ་ཚན་གྱིས་རིག་རྩལ་མཚན་ཚོགས་འགོ་བརྩམས་ཐོག་གཅིག་རྗེས་གཉིས་མཐུད་ངང་ལེ་ཚན་བཅུ་བཞི་འཁྲབ་སྟོན་བྱས་པས་ཚོགས་ཁང་ནང་གཟིགས་མོ་བའི་ཐལ་མོའི་ལྟེབས་སྒྲ་ཡང་ནས་ཡང་དུ་བསྒྲགས། ད་ཐེངས་ཀྱི་རིག་རྩལ་མཚན་ཚོགས་དེ་མཉམ་སྤྲོའི་རྣམ་པའི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་ཚད་མེད་ཀྱི་དགའ་ཞེན་དང་ལྷད་མེད་ཀྱི་སྨོན་འདུན་གང་ལེགས་མཚོན་པར་བྱས་པ་དང་རང་ལྗོངས་ཀྱི་མི་རིགས་ཁག་གིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བརྟན་པོ་གང་་ལེགས་མངོན་པར་བྱས་པ་རེད།

    དུས་མཚུངས། ཟླ་9ཚེས་30ཉིན་ནས་ཟླ་10ཚེས་4ཉིན་གྱི་རིང་རྫོང་རྒྱབ་ཀླུ་ཁང་དང་། ནོར་བུ་གླིང་ག ལྷོ་རིའི་སྤྱི་གླིང་། རིན་ཆེན་ཚལ་གྲོང་ཚོའི་སྤྱི་གླིང(འདམ་ར་སྤྱི་གླིང)དུ་རྣམ་པ་མི་འདྲ་བའི་འཁྲབ་སྟོན་སྣ་ཚོགས་བྱ་རྒྱུ་རེད་འདུག རྫོང་རྒྱབ་ཀླུ་ཁང་དུ་རིག་རྩལ་འཁྲབ་སྟོན་དང་། མང་ཚོགས་ཀྱི་ཐང་ཆེན་ཞབས་བྲོ། ཐོན་ཁུངས་འགྲེམས་ཚོང་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ། ནོར་བུ་གླིང་གའི་ནང་དུ་ལྷ་མོའི་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་འགྲེམས་ཚོང་སོགས་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད་འདུག ( བསོད་དབང་གིས་གསར་འགྱུར་འགོད་སྤེལ་བྱས)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།