དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • ཕུགས་བསམ་ལ་ལག་ལེན་མེད་ན་སྟོང་བསམ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བདེ་སྐྱིད་བུ་ཁྲིད།   |     སྤེལ་དུས།  2019-08-09

    སྤྱི་ཚེས་8ཉིན། གཞོན་སྐྱེས་པར་ལེན་པ་འབྲོག་བསྟན་འཛིན་ཆོས་འཕེལ་གྱི་པར་ལེན་འགྲེམ་སྟོན“མཁའ་དབྱིངས་ནས་བོད་ལྗོངས་མཇལ་བ”ཞེས་པ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་འགོ་ཚུགས། ད་ཐེངས་ཀྱི་པར་ལེན་འགྲེམ་སྟོན་དེ་བོད་རང་སྐྱོང་ལྗོངས་པར་ལེན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་མཐུན་གཉེར་བྱས་པ། བོད་ལྗོངས་འདམ་ཤོད་དཀར་མོ་པར་རིས་རིག་གནས་ཀུང་སིས་སྒྲུབ་འགན་འཁུར་བ་ཞིག་རེད། ད་རེས་ཀྱི་འགྲེམ་སྟོན་དེ་ཟླ་8ཚེས་8ཉིན་ནས་ཚེས་15ཉིན་བར་བྱ་རྒྱུ་ཡིན།

    ཤེས་གཏོགས་བྱུང་བར་གཞིགས་ན། ད་ཐེངས་གི་པར་ལེན་འགྲེམ་སྟོན་ཐོག་གི་བརྩམ་བྱ་དེ་རྣམས་འབྲོག་བསྟན་འཛིན་ཆོས་འཕེལ་གྱིས་2017ལོ་ནས་2019ལོ་བར་དུ་བོད་ལྗོངས་གི་ས་གནས་ཁག་ནས་པར་ལེན་བྱས་པ་ཞིག་ཡིན་པ་དང་། ཁོང་ནི་2008ལོར་བོད་རང་སྐྱོང་ལྗོངས་པར་ལེན་མཐུན་ཚོགས་དང་། 2012ལོར་ཀྲུང་གོ་པར་ལེན་མཐུན་ཚོགས་དུ་ཞུགས།  

    “པར་ལེན་གྱི་ལམ་བུ་ནི་དཀའ་ཚེགས་ཧ་ཅང་ཆེ་བ་ཞིག་སྟེ། པར་རྒྱག་བརྒྱུད་རིམ་ནང་རྐང་ཐང་མར་འགྲོ་བ་དང་། རྟ་བཞོན་པ། རླངས་འཁོར་ལ་སྡོད་པ། བྱེས་ཐང་དུ་སྒར་རྒྱག་པ། གྲོང་མིའི་སྡོད་ཁང་གཡར་བ་སོགས་ནི་རྒྱུན་གཏན་གྱི་གནས་ཚུལ་ཡིན”ཞེས་འབྲོག་བསྟན་འཛིན་ཆོས་འཕེལ་གྱིས་གསར་འགོད་པར་བཤད་བྱུང་། 2017ལོ་ནས་ད་བར་ཁོང་གིས་སྤྱི་ལེ་ཁྲི་6ཙམ་གྱི་ལམ་ཐག་བརྒྱུད་ནས་བོད་ཀྱི་ས་ཆ་གང་སར་སླེབས་ཐུབ་པ་བྱུང་ཞིང་། དེའི་རིང་གནམ་པར་རྒྱག་ཐབས་ལ་བརྟེན་ནས་མངའ་རིས་ཀྱི་ས་བབ་མཐོ་བའི་ཁུལ་དང་ནག་ཆུའི་བྱང་ཐང་མི་མེད་ཁུལ། ཉིང་ཁྲི་མེ་ཏོག་རྫོང་གི་གདོད་མའི་ནགས་ཚལ། གྲོང་ཁྱེར་དང་ས་གནས་ཁག་གི་རྣམ་པ་གསར་པའི་ཡུལ་ལྗོངས་ཡོངས་རྫོགས་སོགས་བོད་ལྗོངས་བརྗོད་བྱ་གཙོ་བོར་བྱས་པའི་མཁའ་ཐོག་པར་ལེན་བརྩམས་ཆོས་མི་ཉུང་བ་ཞིག་པར་ལེན་བྱས་ཡོད།     

    ཁོང་གིས་འཚོལ་བསྡུ་བྱས་པའི་བརྙན་པར་དཔྱད་གཞི་མང་པོའི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། འཆམ་མཐུན་བརྟན་ལྷིང་། སྣོད་བཅུད་བཟང་བ། དམངས་རྣམས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་མངོན་པ་མ་ཟད། རྩོམ་པ་པོས་ང་ཚོའི་ཉེ་འགྲམ་དུ་ཡོད་པའི་བདེན་བཟང་ཉམས་གསུམ་རང་ཉིད་ཀྱི་སེམས་ཁམས་དང་མིག་གཉིས་ལ་བརྟེན་ནས་བཟུང་ཐུབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མིག་ལམ་དུ་འཆར་ཐུབ་པ་བྱུང་བ་དེས་མི་རྣམས་ལ་པར་ལེན་ལ་མྱོང་རོལ་དང་མཛེས་ཆོས་ལ་མྱོང་རོལ་བྱེད་པའི་དེ་རིང་གི་བསྐལ་པ་བཟང་པོ་དེ་ཐོབ་པ་བྱས་ཡོད།  

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།