“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་འདུག ཉེ་དུས“ལྷ་ས་གླང་རུ་ས་གཞི་ཆེ་མོའི་བུ་བཅོལ་ཁང”གིས་ཀྱང “དྲོ་སྐྱིད་ལྡན་པའི་ས་གཞི། འོད་མདངས་འཕྲོ་བའི་དྲུག་གཅིག”གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། དེའི་ནང་རིག་རྩལ་འཁྲབ་སྟོན་དང་། ཕ་བུའི་དཔེ་ཀློག དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པར་དྲོ་སྐྱིད་སྦྱིན་པ་སོགས་བརྗོད་བྱ་ཁ་གསལ་ལ། ནང་དོན་ཕུན་སུམ་ཚོགས་པ། དེ་བཞིན་ཕན་ཚུན་མཉམ་འགུལ་གྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ལོ་ཆུང་བྱིས་པར་སྤྲོ་སྣང་དང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་བཏང་འདུག