དབུ་ཤོག>སྒྲ་དབྱངས་བརྙན་མཐོང་།
  • འཛམ་གླིང་གར་སྟེགས་ཐོག་གི་ཞི་ཅིན་ཕིང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-19

    ཟླ་5ཚེས་14དང་ཚེས་15ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་མིག་གི་མདའ་མོ་སླར་ཡང་པེ་ཅིང་དང་ཞི་ཅིན་ཕིང་ལ་འཕེན།

    མི་དམངས་ཉིན་རེའི་ཚགས་པར་གྱིས《འཛམ་གླིང་གར་སྟེགས་ཐོག་གི་ཞི་ཅིན་ཕིང》ཞེས་པའི་བརྙན་ཐུང་བཏོན་ཏེ་ཁོང་གིས་རྒྱལ་ཡོངས་མི་དམངས་ལ་བག་ཆགས་གང་འདྲ་བཞག་ཡོད་མེད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕེལ་འགྱུར་གང་བྱུང་ཡོད་ལ་མཉམ་དུ་གཟིགས་དང་། འཚམས་འདྲི་ཐེངས་26གནང་བ་དང་། ཉིན་160ལས་བརྒལ་བ། ལོ་རེར་ཆ་སྙོམས་ཟླ་བ་གཅིག་ལྷག་ཙམ་ཕྱི་ཕྱོགས་ལ་འཚམས་འདྲི་གནང་བར་ཕེབས་ཀྱི་ཡོད་པ་དང་།  རྒྱལ་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོ་མི་ཐེངས་230ལྷག་ཙམ་དང་མཇལ་འཕྲད་གནང་ཡོད།  

    ཧང་ཀྲོའུ་G20འདུ་ཚོགས་རིང་ཉིན་རེར་ཆ་སྙོམས་དབུ་ཁྲིད་6དང་མཇལ་འཕྲད་གནང་བ་དང་། སྐབས་རེ་ཉིན་གཅིག་ལ་ཆུ་ཚོད་4ལས་གཟིམས་ཁོམ་མེད། ལོ་བཞི་ལྷག་ཙམ་རིང་། ཕྱིའི་རྒྱལ་ཁབ་ལ་འཚམས་འདྲི་གནང་བའམ་ཡང་ན་རང་ས་རང་ཡུལ་གྱི་ཕྱི་འབྲེལ་གང་ཡིན་རུང་། བྲེལ་འཚུབ་ཧ་ཅང་ཆེ་བ་ནི་ཞི་ཅིན་ཕིང་གི་ལས་ཀའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཡིན།

    འགྲོགས་བདེ་ཞིང་མཛའ་མཐུན་ཆེ་བ་དང་། བྱམས་སེམས་ལྡན་པ་ནི་ཞི་ཅིན་ཕིང་གིས་རྒྱལ་ཕྱིའི་མི་སྣ་མང་པོར་བཞག་པའི་ཐོག་མའི་བག་ཆགས་དེ་ཡིན། ཁོང་གིས་རྒྱལ་ཁབ་ཁག་གི་ལོ་རྒྱུས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་རྒྱུས་མངའ་ཆེ་བ་ནི་ཁོང་གི་གཏམ་བཤད་ལས་ཤེས་ཐུབ། “མ་ཡ་བའི་གཏོར་གཟུགས་མཆོད་རྟེན”“ཨ་ཚི་ཐེ་ཁེ་བའི་ཉི་མའི་ལོ་རྒྱུས”སོགས་ཀྱིས་མོ་ཞི་ཀེའི་མང་ཚོགས་དང་བརྩེ་བ་ཟབ་ཏུ་བཏང་ཡོད།  ཧའེ་མིན་ཝུའེ་ཡི《 རྒད་པོ་དང་རྒྱ་མཚོ 》ཡིས་ཨ་རི་བར་བྱམས་བརྩེ་ལྷག་ཏུ་ཚོར་ཡོད། མི་གང་མང་ཞིག་ཁོང་གི་རྐྱེན་པས་ཀྲུང་གོར་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

    རྒྱལ་ཕྱིའི་གྲོགས་པོའི་མདུན་དུ་ཞི་ཅིན་ཕིང་གི་བཀའ་མོལ་ནང་དོན་ཟབ་ལ་ཡིད་དབང་འཕྲོག་ཤུགས་ཆེ། འཕེལ་རྒྱས་ཀྱི་ལམ་བུའི་སྐོར་གླེང་སྐབས། ཁོང་གིས“ལྷམ་རྐང་པར་རན་པོ་ཡོད་མེད་རང་ཉིད་ཀྱིས་གྱོན་ན་གཞི་ནས་ཤེས་ཐུབ”ཅེས་གསུངས་པ་དང་། ཤར་ནུབ་རིག་གནས་སྐོར་གླེང་དུས། ཁོང་གིས“ ཇ་ཆང་མཉམ་བསྲེས་བྱེད་མི་ཆོག་པ་མ་རེད།  ཆང་བཏུང་དུས་གྲོགས་པོ་ཕན་ཚུན་བརྗོད་མི་ཚར་བའི་གཏམ་བཤད་ཆོག་ལ། ཇ་བཏུང་དུས་ཇ་ཡི་བྲོ་བ་མྱོང་བཞིན་མི་ཚེའི་སྐྱིད་སྡུག་གླེང་ཡངཆོག”ཅེས་གསུངས་པ། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཀྱི་སྐོར་ཁོང་གིས་ “གལ་སྲིད་ང་ཚོས་ང་ཚོའི་འཇིག་རྟེན་འདིར་སྤུས་དག་གི་སུའེ་ཙེར་དམག་གྲི་ལྟ་བུའི་སྤྱོད་སྒོ་མང་བ་ཞིག་བྱུང་ན་ཧ་ཅང་ལེགས”ཅེས་གསུངས།

    འཛམ་གླིང་གར་སྟེགས་ཐོག་གི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱི་འབྲེལ་སྔར་བས་ཡིད་ཆེས་ཆེ་རུ་དང་བློ་རྩ་བརྟན་དུ་བཏང་། ཁོང་གིས  “ཀྲུང་གོ་འདི་ཉིད་གཉིད་ལས་སད་པའི་སེང་གེ་ཞིག་ཡིན། འོན་ཀྱང་སེང་གེ་འདི་ནི་ཞི་མཐུན་དང་།  མཛའ་བརྩེ།  ཤེས་དཔལ་བཅས་ལྡན་པ་ཞིག་ཡིན”ཞེས་གསུངས།

    རྒྱལ་སྤྱིའི་ལས་དོན་ནང་ཞུགས་དུས་ཁོང་གིས་སྟོབས་ཆེན་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་གནང་བཞིན། ཁོང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་ཕན་འབྲས་འཛམ་བུ་གླིང་ལ་ཁྱབ། འཛམ་གླིང་གི་གནམ་གཤིས་འགྱུར་བར་ཁ་གཏད་གཅག་དུས། ཁོང་གིས་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཧུར་བརྩོན་ཆེན་པོས་ཞུགས་ཀྱི་ཡོད་ཅེས་ནན་བཤད་གནང་། “གོ་ལ་ཅན་ལས་ལྡོག་པའི”བསམ་བློའི་རླབས་རྒྱུན་ལ་དམིགས་ནས། ཁོང་གིས་ཀྲུང་གོའི་འདོད་ཚུལ་བཏོན་གནང་ཡོད་པ་སྟེ། དཔལ་འབྱོར་གོ་ལ་ཅན་དུ་འཚམས་པར་སྣེ་ཁྲིད་ལེགས་པོ་བྱེད་དགོས་པ་དང་། དཔལ་འབྱོར་གོ་ལ་ཅན་གྱི་ཤུགས་རྐྱེན་ངན་པ་མེད་པ་བཟོས་ཏེ། དཔལ་འབྱོར་གོ་ལ་ཅན་དེ་ཉིད་སྔར་བས་ལེགས་པའི་ངང་ནས་རྒྱལ་ཁབ་ཚང་མ་དང་མི་རིགས་ཚང་མར་ཕན་འབྲས་ཐོབ་པ་བྱེད་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད། ཁོང་གིས་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ནས།  མིའི་རིགས་ཀྱི་ལས་དབང་འདུས་སྒྲུབ་འཛུགས་རྒྱུ་དར་འཕེལ་གྱིས་གཉིས་ཕན་མཉམ་སྤྱོད་ཡོང་བ་བྱས་ཡོད།

    ལོ་བཞི་ལྷག་ཙམ་་རིང་ཁོང་གི་སྣེ་ཁྲིད་འོག་ཀྲུང་གོའི“གྲོགས་ཚོམ”ཇེ་ཆེར་འགྲོ་བཞིན་ཡོད། 2016ལོའི་ལོ་མཇུག་བར་ཀྲུང་གོ་འདི་ཉིད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་97 དང་རྣམ་པ་མི་འདྲ་བའི་མཛའ་གྲོགས་ཀྱི་འབྲེལ་བ་བཙུགས་ཡོད།  མིག་སྔའི་བར། རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་འཛུགས་100ལྷག་ཙམ་གྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་དང་ལེན་དང་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་40ལྷག་ཙམ་གྱིས་ཀྲུང་གོ་དང་མཉམ་ལས་གྲོས་མོལ་གྱི་མིང་རྟགས་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ཡ་གླིང་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་།  ལས་མིའི་གཞི་ཁྱོན་70ཟིན་ཡོད།

    འཛམ་བུ་གླིང་གིས་དེ་རིང་ལྟར་ཀྲུང་གོ་དང་འབྲེལ་འདྲིས་བྱེད་མྱོང་མེད། ཞི་ཅིན་ཕིང་གིས་ཀྲུང་གོའི་སྣེ་ཁྲིད་དེ་འཛམ་གླིང་གར་སྟེགས་ཀྱི་དབུས་སུ་སྐྱོད་བཞིན་ཡོད། (བསོད་དབང་གིས་སྒྱུར། ཚེ་ཆོས་ལགས་ཀྱིས་ཞུས)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།