སྤྱི་ལོ་༡༩༢༡ལོར་ལྷ་སར་འཁྲུངས། མཚན་དངོས་ལ་ངག་དབང་བློ་གྲོས་ཞུ་ཞིང་། ཁོང་གིས་ལྷ་སའི་ཞོལ་པ་ལྷ་མོ་ཚོགས་པའི་དགེ་རྒན་ལོ་མང་གནང་མྱོང་། ཁོང་གི་འཁྲབ་འཁྱེར་དང་རྣམ་ཐར་གྱི་མགྲིན་འགུགས་ནི་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཆེས་ཆེར་ལྡན། (བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ནས་མཁོ་འདོན་བྱས)