ཁོང་ནི་སྤྱི་ལོ་༡༩༡༧ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྫོང་ཞོལ་དུ་འཁྲུངས་ཤིང་། སྔ་རྗེས་སུ་བོད་ལྗོངས་ལྷ་མོ་ཚོགས་པའི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་གནང་། དགུ་ལོ་༡༤སྐབས་ནས་རྫོང་ཞོལ་ལྷ་མོ་ཚོགས་པ་གསར་འཛུགས་མཁན་གྱི་གྲས་ཤིག་ཡིན་པ་དང་། ཕྱིས་སུ་སྐྱོར་མོ་ལུང་ལྷ་མོ་ཚོགས་པའི་འཁྲབ་མི་གཙོ་བོ་ཞིག་ཏུ་གྱུར། ༡༩༨༤ལོར་སྐུ་ཚེ་འདས།