དགུང་ལོ་༥༩ལ་ཕེབས་པའི་དགེ་རྒན་ཆེ་མོ་ངག་དབང་འཇིགས་མེད་ལགས་ནི་ལྷ་སར་འཁྲུངས་ཤིང་། དགུང་ལོ་༣༤ནས་བཟུང་བོད་ཀྱི་སྲོལ་རྒྱུན་རྡོ་ཚོན་ལ་དོ་སྣང་དང་ལོ་རྒྱུས་སྐོར་ཞིབ་འཇུག་གནང་འགོ་ཚུགས། ད་ཆ་ཁོང་ཉིད་བོད་ཀྱི་སྲོལ་རྒྱུན་རྡོ་ཚོན་ཞིབ་བཟོའི་སྒྱུ་རྩལ་ཁོང་དུ་ཆུད་མཁན་དང་། བོད་ཀྱི་སྲོལ་རྒྱུན་རྡོ་ཚོན་གྱི་གོང་འཕེལ་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཁྱད་ཆོས་གསུང་ཐུབ་མཁན་གྱི་དབང་གྲགས་ལྡནཔའི་མཁས་དབང་ཞིག་ཡིན།