2028ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ས་བབ་སྨི་4000ཡན་ཟིན་པའི་རྫོང་གྲོང་དང་ཤང་གྲོང་རྡལ་ཚང་མར་ནུས་རྒྱུ་གཙང་མའི་དྲོད་རླངས་ཁྲིད་ཚར་བ་བྱ་རྒྱུ་རེད་འདུག
བོད་ལ་དགུན་ཁ་ཧ་ཅང་གྲང་མོ་ཡོད། ཁྱིམ་ནང་གི་དྲོད་རླངས་ཚ་པོ་ཡོད་མེད་དང་ནང་མི་རྣམས་དྲོ་སོབ་སོབ་ངང་ནས་དགུན་ཁ་སྐྱེལ་ཐུབ་མིན་ལ་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། དོན་དག་དེ་ཚོ་ནི་དོན་ཆུང་ག་ལ་ཡིན།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙན་སྒྲོན་གྱི་ནང་དུ་ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ་བཏོན་ཡོད། སྙན་སྒྲོན་གྱི་ནང་དུ་འཁོད་པ་ནི་ལས་གྲྭ་ཞིག་ཡིན་ཡང་། དུད་ཚང་ཁྲི་སྟོང་མང་པོར་དོན་འཁྱོལ་ཐུབ་ན་དེ་ནི་དགུན་དུས་ཀྱི་ལུས་སེམས་ཚ་སོབ་སོབ་ཀྱི་དྲོ་སྐྱིད་ཅིག་རེད།

གཞིས་རྩེ་ཅིན་ཧྲེང་གམ་གཙང་ཚ་ཤུགས་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་དུད་ཚང་དུ་བསྐྱོད་ནས་དྲོད་རླངས་ལ་ཞིབ་བཤེར་བྱེད་པ།
འདི་ལོ་རང་ལྗོངས་ཀྱིས《ས་བབ་སྨི་4000ཡན་ཟིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཚང་མར་དྲོད་རླངས་འཁྲིད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》ལག་བསྟར་བྱས་ཏེ། 2028ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ས་བབ་སྨི་4000ཡན་ཟིན་པའི་རྫོང་གྲོང་དང་ཤང་གྲོང་རྡལ་ཚང་མར་ནུས་རྒྱུ་གཙང་མའི་དྲོད་རླངས་ཁྲིད་ཚར་བ་བྱ་རྒྱུ་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལ་རང་ལྗོངས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་དང་གྲོང་རྡལ་28དུ་དྲོད་རླངས་གཅིག་སྡུད་མཁོ་འདོན་གྱི་རྣམ་གྲངས་ལག་ལེན་བསྟར་བ་དང་། འདི་ལོའི་ཟླ་10པའི་བར་ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ་4དང་། རྫོང་དང་ཆུས་44 ཤང་དང་གྲོང་རྡལ་200བཅས་ལ་དྲོད་རླངས་མཁོ་འདོན་བྱས་པར་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4000ལྷག་ཙམ་ཟིན་ནས་མང་ཚོགས་ཁྲི་110ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

འཁོར་སྐྱོད་བྱེད་བཞིན་པའི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཡིན་པ།
ད་ཆ་རང་ལྗོངས་ཀྱི་ས་བབ་སྨི་5000ཡན་གྱི་གྲོང་ཚོ་25དང་ཞིང་འབྲོག་དུད་ཚང་1553ལ་ནུས་རྒྱུ་གཙང་མའི་དྲོད་རླངས་ཁྲིད་ཡོད་པ་རེད། མཚོ་ཆེན་རྫོང་གི་ཉི་འོད་ནུས་པའི་ཚ་དྲོད་མཁོ་འདོན་མ་ལག་འཁོར་སྐྱོད་བྱས་རྗེས་གཉེར་སྐྱོང་གི་མ་གནས་77.56%དམའ་རུ་ཕྱིན་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་ས་འོག་ཚ་ནུས་ཀྱིས་རྡོ་སོལ་ལྕགས་ཐབ་ཀྱི་ཚབ་བྱས་པར་བརྟེན། ལོ་ལྟར་ཚད་ལྡན་གྱི་རྡོ་སོལ་ཏུན་ཁྲི་7ཙམ་ཉུང་དུ་ཕྱིན་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་18ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།