དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་10པའི་ཟླ་མཇུག་བར་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་སྒྲིག་བཀོད་ཀྱི་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་36.2%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-29

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་གློག་གསོག་སྒྲིག་བཀོད་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ཟླ་10པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་སྒྲིག་བཀོད(གློག་མདའ)ཀྱི་བསྡོམས་འབོར་ཁྲི་2539.1ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་36.2%འཕར་ཞིང། དེའི་ནང་སྤྱི་པའི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་528.3ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་16.5%འཕར་བ་དང་། གློག་གི་ཤོང་ཚད་ཆན་ཝ་དུང་ཕྱུར་2.71ཟིན་པ། གློག་མདའ་རྐྱང་པའི་ཆ་སྙོམས་ཤུགས་ཚད་ཆན་ཝ་51.37ཟིན་པ། མི་སྒེར་གྱི་གློག་གསོག་སྒྲིག་བཀོད(གློག་མདའ)ཁྲི་2010.8ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་42.5%འཕར་བ། མི་སྒེར་གྱི་གློག་གསོག་སྒྲིག་བཀོད་སྒྲིག་སྦྱོར་སྙན་སེང་ཞུས་པའི་གློག་སྤྱོད་ཤོང་ཚད་ཆན་ཧྥུའུ་ཨན་དུང་ཕྱུར་1.71ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།