དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐུན་སྒྲིལ་རོལ་དབྱངས་མཉམ་དུ་དཀྲོལ། བདེ་སྐྱིད་གླུ་དབྱངས་མཉམ་དུ་བླངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྙན་སྒྲོན་ནང“སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་གྱི་བོད་ལྗོངས་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱེད་དགོས”ཞེས་གསལ་པོར་བཀོད་ཡོད།

    ལོ་ལྔའི་རིང་བོད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བས་མི་རིགས་མཐུན་སྒྲིལ་ཉིན་བཞིན་སྲ་བརྟན་དུ་ཕྱིན་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་གཞག་གི་རྩ་བ་གཞི་རིམ་དུ་གནས་པ་དང་གསོན་ཤུགས་མང་ཚོགས་ལ་ཐུག་ཡོད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་རྣམ་གྲོལ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་ལོ་འདི་དག་ནང་ཏང་གི་སྲིད་ཇུས་བཟང་པོ་དང་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་འོག་ཁ་རུབ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། མང་ཚོགས་ཀྱིས་རང་འགུལ་ངང“གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བ་བཅུའི”ནང་དོན་ཕྱོགས་བསྡུས་བྱས་པ་མ་ཟད། སྒྲོག་འགྲེལ་བྱེད་པ་དང་ཚོན་རིས་འབྲི་བ་སོགས་ལ་བརྟེན་ནས་དྲིན་ཚོར་སེམས་པ་མཚོན་པ་དང་མི་སེམས་གཅིག་ཏུ་བསྒྲིལ་ཡོད་ཞེས་གསུངས་པ་རེད།

    ཁོང་གིས། གོམ་སྟབས་རྗེས་མར་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཟབ་ཏུ་བཏང་སྟེ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྲོལ་གསར་སྐྱེད་སྲིང་བྱས་ཐོག མཐུན་སྒྲིལ་དགེ་བརྩོན་གྱི་གྲོང་སྲོལ་གསོ་འཁྱོངས་བྱེད་ཀྱི་ཡིན་ཞེས་གསུངས།

    ལོ་འདི་དག་རིང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་ཞིང་། དམངས་གཉེར་ཁེ་ལས་1071“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”ནང་ཞུགས་ནས་གྲོང་གསེབ་796ལ་ཁྱབ་ཡོད། ཚོང་ཚོགས་ཁེ་ལས་96གིས་མཐའ་མཚམས་གྲོང་ཚོ་101ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། དིང་རིའི་ས་ཡོམ་དང་སྐྱིད་གྲོང་གི་ཆུ་རུད་ཀྱི་གནོད་འཚེར་དམངས་གཉེར་ཁེ་ལས་ཀྱིས་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར་1.08ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་མོའུ་ཡུང་ཝུན་གྱིས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློའི་ཁྲིད་སྟོན་ལ་དམ་འཛིན་ནན་པོ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣར་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ཏན་ཏིག་རྒྱག་པ་བཅས་བྱས་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས། འཆད་སྟེགས་དེའང་མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་ས་ཞིག་ཡིན། སློབ་གྲྭས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཕྲུ་གུ་ཚོའི་སེམས་ནང་ཟུག་པར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    གྲོང་ཚོའི་ཚོན་རིས་གྱང་ནས་ཁེ་ལས་ཀྱི་རོགས་སྐྱོར་གྲོང་ཚོ་བར་དང་། དེ་ནས་སློབ་གྲྭའི་ནག་པང་ཚགས་པར་བར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་ས་མཐོའི་ས་གཞི་ཆེན་མོར་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།