འཐུས་མི་ལྷག་སྒྲོན་གྱིས་གསུངས་དོན།
ཐོབ་སྣང་དང་བདེ་སྐྱིད་ལས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས།
“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཕན་འབྲས་དེ་ཡུལ་མི་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དོན་འཁྱོལ་ཐུབ་པར་བྱེད་དགོས”ཞེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་བསམ་ཡས་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷག་སྒྲོན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ཞིབ་པར་ཀློག་སྐབས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས་པ་དང་། ཁོང་གིས“གྲོང་ཚོ་ཚང་མར་ལམ་ཤར་གཏོང་ཐུབ་པ་དང་། ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་སྐྱོད་ཐུབ་པ། འགན་ལེན་བྱེད་དགོས་པའི་གཙོ་གནད་འགན་སྲུང་མི་ཚོགས་ལ་འགན་ལེན་གང་ཐུབ་བྱེད་པ་སོགས། མིག་མཐོང་ལག་ཟིན་ཐུབ་པའི་ཐོབ་སྣང་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་དང་། ཞི་མཐུན། བརྟན་ལྷིང་བཅས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད”ཅེས་གསུངས།
ལྷག་སྒྲོན་གྱིས་བལྟས་ན། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པར་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐད་ཤུགས་རྒྱག་དགོས། 2026ལོར་བསམ་ཡས་གྲོང་རྡལ་གྱིས་ཐོན་ལས་གྲབས་གསོག་གི་ཞན་ཆར་དམིགས་ནས་རྣམ་གྲངས་ཁག་20དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཞིང་། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ཁོ་ན་ལས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་218བྱུང་ཡོད། ཡུལ་གཞན་དུ་ཚོང་སྒྱུར་སྡོད་ཁང་ཉོ་བ་དང་སྒོ་རྩར་ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བས། གྲོང་རྡལ་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)མཉམ་སྡེབ་དཔལ་འབྱོར་རྒྱུ་ནོར་རིམ་རྩིས་བརྒྱབ་ན་སྒོར་ཁྲི་7200ཟིན་པ་དང་། ཡོང་འབབ་མང་དུ་ཕྱིན་པས་མི་སེམས་གཅིག་ཏུ་བསྒྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།