“ལག་བསྟར་བྱེད་དགོས་པ་བདུན”ལ་སྐུལ་འདེད་བཏང་ནས“མཆོང་སྐྱོད་གསར་པ་བདུན”མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས།
—— གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧྥང་ཧུང་ལ་ཆེད་དོན་བཅར་འདྲི་ཞུས་པ།

གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧྥང་ཧུང་།
འདས་ཟིན་པའི་ལོ་ལྔ་ནི་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་དུས་སྐབས་ཤིག་རེད། ལོ་ལྔའི་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་མངོན་གསལ་དོད་པའི་གྲུབ་འབྲས་གང་དག་ཐོབ་ཡོད་དམ། སླད་ཕྱིན་ལོ་ལྔའི་ནང་བྱ་ཐབས་གསར་པ་གང་དག་འདོན་རྒྱུ་དང་ཚད་བརྒལ་གསར་པ་གང་དག་ཡོང་བར་བྱ་རྒྱུ་ཡིན་ནམ། དེའི་སྐོར་ལ་གསར་འགོད་པས་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཧྥང་ཧུང་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།
ཝང་ཧྥང་ཧུང་གིས་གསུངས་དོན། འདས་ཟིན་པའི་ལོ་ལྔའི་རིང་། གནོན་ཤུགས་མང་པོ་དང་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ངལ་བ་དང་ལེན་ཕོད་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན། བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གཞིས་རྩེ་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ཝང་ཧྥང་ཧུང་གིས་ངོ་སྤྲོད་གནང་དོན། ལོ་ལྔའི་རིང་། གཞིས་རྩེ་གྲོང་ཁྱེར་གྱི་མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་སྔར་བས་བརྟན་དུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་14འཛུགས་གཏོད་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ལ་བློ་ཡིད་ཚིམ་ཚད་99.5%ཡན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་500ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་ལྔ་བསྟུད་མར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཝང་ཧྥང་ཧུང་གིས་གསུངས་དོན། འབྱུང་འགྱུར་ལོ་ལྔའི་ནང་། གཞིས་རྩེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་དང་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཞིས་རྩེར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་དང་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”སྤྱི་འདོམས་དོན་འཁྱོལ་བྱེད་པར་དམིགས་ནས། “ལག་བསྟར་བྱེད་དགོས་པ་བདུན”ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང“མཆོང་སྐྱོད་གསར་པ་བདུན”མངོན་འགྱུར་ཧུར་ཐག་ཡོང་བར་བྱ་རྒྱུ་སྟེ། དུས་བདེར་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བར་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ། སྒོ་དབྱེར་བརྟེན་ནས་གྲོང་ཁྱེར་དར་རྒྱས་བཏང་སྟེ། ཆུ་ཚད་མཐོ་བའི་སྒོ་དབྱེའི་སྤུས་ཚད་དང་ཕན་འབྲས་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ། དམངས་ཕན་ལ་བརྟེན་ནས་གྲོང་ཁྱེར་འབྱོར་ཕྱུག་ཡོང་བར་བྱས་ནས། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ། སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་མཛེས་སྡུག་ལྡན་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ། མཐའ་དར་ལ་བརྟེན་ནས་གྲོང་ཁྱེར་བདེ་འཇགས་ལྡན་པར་བྱས་ནས། མཐའ་མཚམས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་རིག་དར་ཡོང་བར་བྱས་ནས། རིག་གནས་ཀྱི་འཇམ་ཤུགས་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱ་རྒྱུ་བཅས་རེད། མཐུན་སྒྲིལ་ཡོང་ཐབས་བྱེད་པ་དང་། ཐོན་ལས་མ་ལག་བསྐྲུན་པ། སྒོ་དབྱེའི་ནུས་པ་ཆེར་གཏོང་། ནང་མཁོའི་ཐབས་ཇུས་ཆེར་གཏོང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་མཉམ་འགུལ། དམངས་འཚོ་མཉམ་སྐྲུན་མཉམ་སྤྱོད། སྐྱེ་ཁམས་ལྗང་མདོག་སྲུང་སྐྱོང་། མཐའ་སྟོབས་ནུས་པ་ཆེར་གཏོང་། རིག་གནས་དར་རྒྱས་གོང་འཕེལ་བཅས“ལས་འགན་ཆེན་པོ་དགུ”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིས་རྩེར་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་ཐུབ་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།