དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས།

    “གངས་ལྗོངས་ལས་ཞུགས་ཞབས་ཞུའི”ཉིན་གླ་བའི་ཁྲོམ་རའི་གནད་སྨིན་འབྲེལ་མཐུད་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་བཅིངས་འགྲོལ་ནུབ་ལམ་གྱི་ཉིན་གླ་ཁྲོམ་རར“གངས་ལྗོངས་ལས་ཞུགས་ཞབས་ཞུའི”ཉིན་གླ་བའི་ཁྲོམ་རའི་ལས་གནས་གནད་སྨིན་འབྲེལ་མཐུད་འདུ་ཚོགས་གཉེར་བ་རེད། ད་ཐེངས་ནི་ཚོགས་ཐེངས་བདུན་པ་ཡིན་ལ་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་ལས་ཀ་འཚོལ་མཁན་ཚོགས་སྤྱི་རིགས་གཉིས་ལ་དམིགས་ནས། སྤུས་ལེགས་ཁེ་ལས་5སྒྲིག་འཛུགས་བྱས་ཏེ་ལས་གནས་59མཁོ་སྤྲོད་བྱས་པ་དེ་དག་བདེ་ཐང་ལྟ་སྐྱོང་དང་། ཕྱིར་འཚོང་། སློབ་གསོ་སོགས་ལས་རིགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད།

    ཚོགས་ཞུགས་ཁེ་ལས་ཀྱིས་ས་ཡུལ་དངོས་སུ་ལས་གནས་ཀྱི་གླ་ཕོགས་དང་། ལས་གནས་ཀྱི་འགན་འཁྲི། གནས་འཕར་ཐབས་ལམ། དེ་བཞིན་ཕན་བདེ་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། ལས་དོན་པས་ལས་གནས་འོས་སྦྱོར་དང་། ལས་ཞུགས་བློ་འདྲི། ལས་རིགས་མཛུབ་ཁྲིད་སོགས་གཅིག་འཐུས་རྣམ་པའི་ལས་ཞུགས་ཞབས་ཞུ་དུས་གཅིག་ཏུ་སྤེལ་བ་མ་ཟད། ལས་ཀ་འཚོལ་མཁན་ལ་སྟབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་དང་། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར། ངལ་རྩོལ་པའི་ཁེ་དབང་འགན་སྲུང་སོགས་ཁེ་ལས་དང་དམངས་ཚོགས་ལ་ཕན་པའི་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ཡང་བྱས་ནས། གཙོ་གནད་ཚོགས་སྤྱིའི་ལས་ཀ་འཚོལ་བའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།