ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་གིས་མཚོ་སྨད་རྫོང་རིག་གནས་ཡུལ་སྐོར་ཅུས་དང་སློབ་གསོ་ཅུས་དང་མཉམ་འབྲེལ་གྱིས།
“སྐོར་སྐྱོད་རྟེན་མཛོད་ཁང”གི་གསར་བརྗེའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉེ་ཆར་ལྷོ་ཁ་གྲོང་ཁྱེར་རྟེན་མཛོད་ཁང་གིས་མཚོ་སྨད་རྫོང་རིག་གནས་ཡུལ་སྐོར་ཅུས་དང་སློབ་གསོ་ཅུས་དང་མཉམ་དུ“སྐོར་སྐྱོད་རྟེན་མཛོད་ཁང”གི་གསར་བརྗེའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གྲི་གུ་གྲོང་རྡལ་སློབ་ཆུང་དང་། མཚོ་སྨད་གྲོང་རྡལ་སློབ་ཆུང་། མཚོ་སྨད་རྫོང་སློབ་འབྲིང་། གཏམ་ཤུལ་སྡེ་ཁུལ་བཅས་སུ་སྐོར་སྐྱོད་གསར་བརྗེའི་སློབ་ཚན་འཁྲིད་པར་དགེ་སློབ་དང་གཞི་རིམ་མང་ཚོགས་མི་ཐེངས་900ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
སྒྲོག་འགྲེལ་རིང་གསོན་ཉམས་དོད་པའི་ལོ་རྒྱུས་ལ་བརྟེན་ནས་སྤྱིར་བཏང་མིན་པའི་ལོ་ཟླའི་ནང་གསར་བརྗེའི་སྔོན་བྱོན་པས་ཁྲག་བཏོན་དམར་འཛིང་བྱས་པ་དང་། འཛུགས་སྐྲུན་དུས་སྐབས་སུ་དཀའ་སྤྱད་འབད་འཐབ་བྱས་པའི་ལོ་རྒྱུས་ལམ་བུར་ཕྱིར་ལྟ་བྱས་ཤིང་། དུས་རབས་གསར་པར་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་འབད་འཐབ་ཀྱི་གཏམ་རྒྱུད་གླེང་བ་མ་ཟད། ཏང་དང་། མི་དམངས་དམག་དཔུང་། ཀྲུང་གོ་གསར་པ་བཅས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་རྒྱང་སྐྱོད་ལམ་བུ་བསྐྱར་དྲན་བྱས་ཡོད།
ད་ཐེངས་ཀྱི་བྱེད་སྒོས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཀྱིས་གསར་བརྗེའི་སློབ་གསོ་འགྲེམས་ཁང་ནས་དོན་ཏེ་གཞི་རིམ་དང་ཉེ་བཅར་ཐུབ་པར་བྱས་ཏེ་གསར་བརྗེའི་སྙིང་སྟོབས་སེམས་ལ་འཇགས་རྒྱུར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།