དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་གྱིས།

    ཕྱོགས་མི་ཏང་ཡོན་ཕྱིར་གླ་པ་རྒྱུག་སྐབས་སེམས་གནས་ཐུབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    ཕྱོགས་མི་ཏང་ཡོན་མི་ཉུང་བ་ཞིག་ཕ་ཡུལ་དང་བྲལ་ཏེ་ཕྱིར་གླ་པ་རྒྱུག་སྐབས། གླ་ཕོགས་མི་རག་པའི་རྩོད་གཞི་འཕྲད་སྐབས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་གི་ཡོད། དེ་ཡང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་གྲོང་རྡལ་ནས་ཡིན་པའི་ཏང་ཡོན་ཟླ་བ་གཡང་འཛོམས་ཕྱིར་གླ་པ་རྒྱུག་སྐབས་གླ་ཆ་སྒོར་12000འགྱངས་ཆད་བྱས་པའི་གནས་ཚུལ་བྱུང་ཞིང་། ཐེངས་འགའ་འདེད་ཀྱང་རག་མེད་པ་རེད། གྲོང་ཚོའི་ཏང་ཡོན་ལས་བྱེད་པས་གནས་ཚུལ་དེ་ཤེས་རྗེས། རང་འགུལ་ངང་ཕྱོགས་མང་པོ་ནས་འབྲེལ་གཏུག་མཐུན་སྦྱོར་བྱེད་རོགས་བྱས་མཐར་ཁོ་མོའི་གླ་ཆ་ཚང་མ་ཚུར་ལེན་ཐུབ་པ་རེད།

    ཏང་འཛུགས་སྐྱོང་ལས་དྲོད་ཁོལ་ཚོར་བ་དང་ཞབས་ཞུ་སྒྲུབ་ནུས་ཤུགས་ཆེར་ཕྱིན་ཞིང་། དཔལ་འབྱོར་གླིང་གྲོང་རྡལ་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་ཕྱོགས་མི་ཏང་ཡོན་ལ་དོ་དམ་གྱི་ཞབས་འདེགས་ཡག་པོ་ཞུ་བ་དང་། ལས་རིམ་ཁུ་བསྡུ་དང་དངོས་སྒྲུབ་དོན་གཉེར། ཏང་ཡོན་ཚོར་སེམས་རྩ་འཁོལ་པོས་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ། ཚང་མ་ཕ་ཡུལ་དང་བྲལ་ཡང་སེམས་པ་ཏང་ལ་ཕྱོགས་པའི་མོས་སེམས་རྒྱུན་དུ་གནས་ཤིང་། ཕྱོགས་མི་ཏང་ཡོན་42ལོ་འཁོར་མོར་ཕྱིར་བསྐྱོད་པ་དང་ཡུལ་གཞན་དུ་སྡོད་ཀྱང་ཏང་རྩ་འཛུགས་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཁོང་ཚོའི་བློ་གཏད་བཅོལ་ཡུལ་དུ་གྱུར་ཡོད།

    གནད་སྨིན་མཐིལ་རྟོགས་དང་ཡིག་ཚགས་བཟོས་ནས་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་ཞིང་། དཔལ་འབྱོར་གླིང་གྲོང་རྡལ་ཏང་ཨུད་ཀྱིས་གྲོང་ཚོའི་ཏང་རྩ་འཛུགས་ལ་བརྟེན་ནས་གྲོང་རྡལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་25ལ་ལེབ་བཤེར་བྱས་པའི་ཐོག ཁ་པར་ནས་འབྲེལ་གཏུག་དང་། གཉེན་ཉེ་དང་གྲོགས་པོར་སྦྲེལ་མཐུད། ཆ་འཕྲིན་བདེན་མིན་ཞིབ་དཔྱད་སོགས་ཀྱི་བྱ་ཐབས་བརྒྱུད་ཕྱོགས་མི་ཏང་ཡོན་42གང་དུ་བསྐྱོད་པ་དང་། ལས་ཀ་གང་ཞིག་བྱེད་པ། བསམ་བློའི་འཁྱེར་སོ། དཀའ་ངལ་གྱི་རེ་ཞུ་འབུལ་ཚུལ་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། “མི་རེར་ཡིག་ཚགས་རེའི”སྟབས་བསྟུན་དོ་དམ་གྱི་རྩིས་ཁྲ་བཟོ་བ། རྒྱུན་རྣམ་ཅན་གྱི་གསར་བརྗེས་དང་ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བཅས་བྱས་པས་རྩ་འཛུགས་དང་འབྲེལ་བ་མི་ཆད་པར་ཞབས་འདེགས་ཡག་པོ་ཞུས་ཡོད།

    ལས་མིའི་འབབ་འཕར་གྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ་འབྲེལ་ཡོད་ཚན་པ་དང་རང་འགུལ་ངང་འབྲེལ་གཏུག་བྱས་ནས། ཤིང་འཛུགས་དང་མ་བྱན་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་སློབ་ཚན་བཀོད་སྒྲིག་གིས་ཕྱིར་སྐྱོད་ཏང་ཡོན་ལ་སློབ་སྦྱོང་དང་མཐོར་གཏོང་གི་གོ་སྐབས་རིན་མེད་ངང་མཁོ་འདོན་བྱས་ཡོད།

    ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱས་པ་བརྒྱུད་གཞི་རིམ་ཏང་འཛུགས་སྐྱོང་གི་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་མངོན་ཡོད། དཔལ་འབྱོར་གླིང་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས། དྲོ་སྐྱིད་སྦྱིན་པའི་ཞབས་འདེགས་མུ་མཐུད་ཡག་པོ་ཞུ་བ་དང་། རྩལ་ནུས་སློབ་སྦྱོང་དང་ཁེ་དབང་ལ་སྲུང་སྐྱོང་བྱེད་རོགས་སོགས་ཀྱི་ལས་དོན་ཟམ་མི་ཆད་པར་ཡག་པོ་བསྒྲུབས་ཏེ། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཕན་ཚུན་དབར་གྱི་སེམས་ཐག་ཉེ་རུ་བཏང་བས་ཕྱོགས་མི་ཏང་ཡོན་ཕྱིར་གླ་པ་རྒྱུག་སྐབས་སེམས་གནས་ཐུབ་པ་བྱུང་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།