དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོང་རིམ་གྱིས་མཐོང་ཆེན་བྱས་ཀྱང་གཞི་རིམ་དུ་ལག་བསྟར་བྱེད་ཤུགས་མི་འདང་བ་ནས་ལག་ལེན་མཐར་ཕྱིན་པ་བྱེད་པའི་བར།

    —— ཆུ་གསུམ་རྫོང་གིས་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཇི་ལྟར་བྱས་ཚུལ་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    གཞི་རིམ་ཏང་འཛུགས་སྐྱོང་ནི་ཏང་གི་ལས་དོན་ཧྲིལ་པོ་དང་འཐབ་ནུས་ཀྱི་རྨང་གཞི་ཡིན་མོད། འོན་ཀྱང་ས་གནས་ཁག་གཅིག་ཏུ་འགན་འཁྲི་བརྒྱུད་ཁྲིད་རིམ་པ་བཞིན་ཞན་དུ་འགྲོ་བ་དང་། ལས་ཀའི་སྟོབས་ཤུགས་མི་འདང་བ། ཏང་འཛུགས་སྐྱོང་དང་ལྟེ་བའི་ལས་དོན་ཐ་དད་དུ་གྱུར་པ། དཔྱད་ཞིབ་གདེང་འཇོག་གི་སྟོན་ཕྱོགས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། གོང་རིམ་གྱིས་མཐོང་ཆེན་བྱས་ཀྱང་གཞི་རིམ་དུ་ལག་བསྟར་བྱེད་ཤུགས་མི་འདང་བ་དང་བར་དུ་ལུས་པ་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད། དེར་བརྟེན་ཇི་ལྟར་བྱས་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི“མཐའ་སྣེ”ལ་བརྒྱུད་ཁྲིད་བྱེད་པ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་དགོས་སམ། དེ་ཡང་ཆུ་གསུམ་རྫོང་གིས་འགན་འཁྲི་དང་། དཔུང་ཁག མཉམ་འདྲེས། དཔྱད་ཞིབ་བཅས་ལྷུ་ཚིགས་བཞི་ནས་འགོ་བཙུགས་ཏེ་རྫོང་ཁོངས་ཀྱི་དཔེ་མཚོན་ཞིག་བཏོད་ཡོད།

    ཐོག་མར་འགན་འཁྲི་ནན་དུ་བཏང་ཞིང་། འགན་འཁྲི་མིང་ཙམ་དུ་གྱུར་པ་ནི་ཏང་འཛུགས་སྐྱོང་གི་ལས་འགན་དོན་འཁྱོལ་མི་ཐུབ་པའི་འགལ་རྐྱེན་ཆེ་ཤོས་ཤིག་རེད། ཆུ་གསུམ་རྫོང་གིས་འགན་འཁྲིའི་ལམ་ལུགས་ཀྱི་འགག་རྩ་དེར་དམ་འཛིན་བྱས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་ཅིག་བསྐྲུན་ཡོད། རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་དུས་བཀག་ལྟར་གཞི་རིམ་ཏང་འཛུགས་སྐྱོང་ལ་ཆེད་དོན་ཞིབ་འཇུག་བྱས་པ་དང་། 2026ལོ་ནས་བཟུང་ཞིབ་འཇུག་ཐེངས་2བྱས་ཤིང་། ཏང་(བཟོ)ཨུད་ཀྱི་ཧྲུའུ་ཅི་11གིས་ལས་འགན་སྒྲུབ་ཚུལ་རེ་རེ་བཞིན་གསལ་ཞུ་བྱས་པ་དང་ས་ཡུལ་དངོས་སུ་དཔྱད་གླེང་དང་ལེན་བྱས་ནས“འགན་འཁུར་བ་ཨང་དང་པོའི”ཐོབ་ཐང་མངོན་ཐུབ་པ་བྱས་པ་རེད། བཀོད་སྒྲིག་ཐད་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི“1234”ལས་དོན་སྤེལ་ཐབས་ཀྱི་ལག་བསྟར་ཇུས་གཞི་བཀྲམ་ནས་ལོ་ཧྲིལ་པོའི་ལས་འགན་རིགས་4དང་རྣམ་གྲངས་ཁག་13ལ་ཞིབ་ཕྲ་བཟོས་པ་དང་། འགན་འཁྲིའི་འགོ་ཁྲིད་དང་། འགན་འཁྲིའི་སྡེ་ཚན། སྐུལ་འདེད་དུས་བཀག་བཅས་རེ་རེ་བཞིན་ཁ་གསལ་བཟོས་པ། ལོ་འདིའི་ནང་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་2འཚོགས་པ། ཁྱོན་ཡོངས་ལ་ཁྱབ་པའི་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཐེངས་2བྱས་པ་བཅས་ལས་ལས་འགན་ཞིབ་བཤེར་ཐུབ་པ་དང་འཕེལ་རིམ་ལེགས་པོ་བྱུང་ཡོད།

    འགན་འཁྲི་ཁ་གསལ་ཡོད་ཀྱང་དོན་འཁྱོལ་ཐུབ་པའི་སྟོབས་ཤུགས་ལྡན་པར་བྱས་ཤིང་། གཞི་རིམ་གྱི“དམ་འཛིན་བྱེད་མཁན་མེད་པ་དང་། དམ་འཛིན་བྱེད་མི་ཤེས་པ། དམ་འཛིན་ཡག་པོ་བྱེད་མི་ཐུབ་པ”བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཆུ་གསུམ་རྫོང་གིས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ལ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཕྱོགས་གཅིག་ནས“སྣེ་ཁྲིད་པར”དམ་འཛིན་བྱས་ཏེ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམས་ཧྲག་སྒྲིག་བྱས་པ་དང་རྫོང་ཡོངས་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་21ཁྲོད་ཀྱི་མི་10ལ་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་ཡོད། ཕྱོགས་གཞན་ཞིག་ནས་སྟོབས་ཤུགས་གྲབས་གསོག་བྱས་ཏེ་རྫོང་ཡོངས་སུ་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་194གྲབས་གསོག་བྱས་ཡོད།

    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད། རྫོང་ཨུད་ཀྱིས་སྤྱི་འདོམས་འཆར་འགོད་བྱེད་པ་དང་། ཤང་དང་གྲོང་རྡལ་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆས་ཐབས་སྒྱུར་བཀོད་སྒྲིག་ལ་མཐུན་རྐྱེན་སྦྱོར་བ། ཆུ་གསུམ་གྲོང་རྡལ་གྱིས་ཤ་དཀར་ཀོ་ཤ་དང་ཞོག་ནག་འདེབས་འཛུགས་འཕེལ་རྒྱས་གཏོང་བ། ནོར་བུ་ས་གྲོང་རྡལ་གྱིས་སྒོ་རའི་དཔལ་འབྱོར་དང་། དཔལ་འབྱོར་ཤིང་འབྲས་ནགས་ཤིང་གཉེར་བ། ཆུ་མདོ་རྒྱང་ཤང་གིས་ཕྱུགས་རིགས་གསོ་ཚགས་འཕེལ་རྒྱས་གཏོང་བ། སྟོད་གཟིགས་ཤང་གིས་འབྲི་ཏ་ས་འཛིན་ཐོན་ལས་བཀོད་སྒྲིག་བཅས་བྱས་ནས་ཁྱད་ལྡན་འདེབས་གསོའི་རྣམ་པ་ཞིག་རིམ་བཞིན་ཆགས་པར་བྱས་ཡོད། གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐད། ཏང་ཡོན་69ཡིས་དྲ་མིག་པ་བྱས་པ་དང་། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་འགན་ལེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། གྲོང་མིའི་ཁུལ་ཆུང་གི་དོ་བདག་ཨུ་ལྷན་འཛུགས་པར་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ཆུ་མདོ་རྒྱང་ཤང་གིས་རྩྭ་ཐང་གི“གྲོས་བསྡུར”ས་ཚིགས་དང་། སེམས་མཐུན“འབྲོག་ལས”སོགས་བཅོས་སྐྱོང་གཞི་རྟེན་འཚོལ་ཞིབ་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ཚད་བརྒྱ་ཆ་དྲུག་ཅུ་ནས་100%བར་འཕར་ཡོད། ཞབས་ཞུའི་གཙོ་གནད་ལས་དོན་ཐད། རྫོང་ཡོངས་སུ་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་60བཙུགས་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་ནས་རྣམ་གྲངས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་ཐེངས་54བྱས་པ་དང་། འགལ་ཟླ་དང་རྩོད་གཞི་16འདུམ་འགྲིག་བྱེད་རོགས་བཅས་བྱས་ནས། གདོང་ལེན་དཔེ་བཟང་གི་ནུས་པ་ཞིབ་ཕྲའི་བྱ་སྤྱོད་ནས་མངོན་པར་བྱས་པ་རེད།

    ཏང་འཛུགས་སྐྱོང་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་དཀའ་གནད་ནི་འགན་འཁྲི་འཁུར་དཀའ་བ་དང་། སྟོབས་ཤུགས་མི་འདང་བ། མཉམ་འདྲེས་ཟབ་པོ་མེད་པ། ཕྱོགས་སྟོན་ཁ་གསལ་མེད་པ་བཅས་རེད། དཀའ་གནད་སེལ་བའི་ཤུགས་རྒྱག་ས་ཡང་ལྷུ་ཚིགས་བཞི་ལ་ཐུག་ཡོད། ལྷུ་ཚིགས་ཚང་མ་ཏན་ཏིག་བསྒྲུབས་ནས“གོང་རིམ་ནས་མཐོང་ཆེན་བྱེད་པ”དེ་གཞི་ནས“གཞི་རིམ་དུ་ལག་བསྟར་བྱེད་པར”བརྒྱུད་ཁྲིད་ཐུབ་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་ནུས་པ་ད་གཟོད་གཞི་ནས་བཅོས་སྐྱོང་ནུས་ཕྱོད་དང་འཕེལ་རྒྱས་ཀྱི་འགུལ་ནུས་ལ་དངོས་སུ་འགྱུར་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།