དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་བྱེད་སྒོ་ལས། མང་ཚོགས་སྤྲོ་སྣང་རབ་ཏུ་འཕེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-29

    འདི་ནི་མང་ཚོགས་སྤྲོ་འཕེལ་བྱེད་སྒོར་འཚང་ཁ་ཤིག་ཤིག་ངང་ཞུགས་བཞིན་པ།

    འདི་ནི་མང་ཚོགས་ཀྱིས་བྱེད་སྒོའི་བྱ་དགའ་གོ་རིམ་ལྡན་པའི་ངང་ལེན་བཞིན་པ།

    འདི་ནི་སྡེ་ཁུལ་གྱི་ལས་དོན་པས་མང་ཚོགས་ལ་དམངས་ཕན་སྲིད་ཇུས་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོར་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་དང་། དུད་སྦྲེལ་སྤྱི་མི། མི་རིགས་ཁག་གི་གྲོང་མི་བཅས་ཁྱོན་མི་གྲངས་250ལྷག་ཙམ་ཞུགས་ཡོད་པ་རེད།

    བྱེད་སྒོའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་པས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་སློབ་གསོ་སོགས་སྤྲོ་འཕེལ་བྱེད་སྒོ་དང་མཉམ་འགུལ་ཉམས་ལེན་ནང་མཉམ་འདྲེས་ཐུབ་སྟེ་མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་ཟབ་ཏུ་གཏོང་བ་དང་ཁྱིམ་མཚེས་དབར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།